མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྤྱི་ཚོགས་ལ་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་པ་ཁག་དང་པོའི་མིང་ཐོ་ནག་པོ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་སྤྱི་ཚོགས་ལ་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་བྱས་པ་ཁག་དང་པོའི་མིང་ཐོ་ནག་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་དག་ཁྲིམས་འགལ་ཁེ་ལས་བཅུ་བཞི་དང་ཁྲིམས་འགལ་མི་སྒེར་དྲུག་དང་འབྲེལ་བ་ཡོད་པ་རེད། མིང་ཐོ་ནག་པོའི་གཙོ་གཟུགས་ཀྱིས་ཁྲིམས་ལས་འགལ་ཚེ་གང་སར་ཚད་བཀག་ཕོག་པའི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་ཡིན་པ་རེད། ཁག་དང་པོའི་ཁྱབ་བསྒྲགས་བྱས་པའི་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་ཀྱི་མིང་ཐོ་ནག་པོ་དེ་ཁྲིམས་འགལ་ཁེ་ལས་བཅུ་བཞི་དང་ཁྲིམས་འགལ་མི་དྲུག་དང་འབྲེལ་བ་ཡོད་པ་དང་། ཆད་འགྱངས་བྱས་པའི་དངུལ་གྲངས་མང་ཤོས་སྒོར་ས་ཡ་ལྔ་དང་དགུ་འབུམ་ལས་བརྒལ་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ངལ་རྩོལ་ལྟ་ཞིབ་ཅུད་ཀྱི་འགོ་འཛིན་ཝང་ཁྲེང་གིས། འབྲེལ་ཡོད་འགན་ཁྲིའི་གཙོ་གཟུགས་ཀྱིས་ནམ་ཞིག་རྒྱུ་མཚན་མེད་པར་དངུལ་འཐེན་པ་དང་། ངལ་རྩོལ་གླ་ཕོགས་ཉེས་མེད་ཆད་འགྱངས་བྱས་པའི་གྲངས་ཀ་ངེས་ཅན་ཞིག་བཟུང་བའམ་ཡང་ན་མང་ཚོགས་ཀྱི་ཐལ་སྐྱོད་དོན་རྐྱེན་ཐོན་པ་དག་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་ཡིན་པ་དང་། གཞན་ཡང་། ངལ་ནུས་ཁྲིམས་འགལ་སྒོ་ནས་ཁག་བགོས་འགན་ལེན་དང་། སྒྲུབ་འགན་གཞན་སྤྲོད་བྱས་ནས་གླ་ཕོགས་ཆད་འགྱངས་བྱས་པ་དག་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་ཡིན་པ་རེད།

ཁག་དང་པོའི་མིང་ཐོ་ནག་པོའི་ནང་ཚུད་པའི་གཙོ་གཟུགས་ལ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། མི་དམངས་དངུལ་ཁང་སོགས་ཚུད་པའི་སྡེ་ཁག་སུམ་ཅུས་མཉམ་འབྲེལ་ཆད་གཅོད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།