ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུས་ཧྥུ་ཅན་དང་། ཀྲེ་ཅང་། ཅང་ཞི་བཅས་ཞིང་ཆེན་གསུམ་ལ་ཛ་དྲག་ངང་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་གཤམ་སྤྲོད་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ནོར་སྲིད་པུའུ་དང་། འཕྲལ་བསྟུན་དོ་དམ་པུས་སྤྱི་ཚེས་༡༢ཉིན་ཧྥུ་ཅན་དང་། ཀྲེ་ཅང་། ཅང་ཞི་བཅས་ཞིང་ཆེན་གསུམ་ལ་ཛ་དྲག་ངང་ཀྲུང་དབྱང་ནོར་སྲིད་ཀྱི་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་གཤམ་སྤྲོད་བྱས་པ་དང་། དེ་དག་རྒྱ་མཚོའི་རླུང་འཚུབ་མ་ལེ་ཡ་དང་དྲག་ཆར་ཆུ་ལོག་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་གནས་སྤོ་བྱ་རྒྱུ་དང་། བར་བརྒལ་རིང་གི་འཚོ་བའི་ཁ་གསབ། གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་ཁང་པ་སླར་གསོ་བསྐྱར་འཛུགས་སོགས་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་དགོས་མཁོ་སྐོང་རྒྱུ་དང་། གནོད་འཚེ་ཕོག་ཁུལ་སྲིད་གཞུང་གིས་གནོད་འགོག་གནོད་སེལ་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།

ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། སྤྱི་ཚེས་བཅུ་གསུམ་ཉིན་དང་བཅུ་བཞི་ཉིན། ཧྭ་བྱང་དང་བྱང་ཤར་སོགས་ས་ཆར་ཆར་པ་རྒྱ་ཆེན་པོ་འབབ་རྒྱུ་དང་། ད་ཐེངས་ཀྱི་ཆར་པ་ཅུང་རྒྱུན་རིང་པོ་འབབ་རྒྱུ་ཡིན་པ། ས་ཆ་ཁག་གཅིག་ལ་གློག་དམར་འཁྱུག་པ་དང་དུས་ཐུང་ནང་དྲག་ཆར་འབབ་པ་སོགས་གཏན་རྒྱུག་གནམ་གཤིས་བསྟན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།