ད་ལོའི་ལོ་སྟོད་དུ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུས་རྒྱལ་ཡོངས་ཀྱི་ཁང་པ་ཐབས་ཆག་ཁུལ་བསྒྱུར་བཀོད་བྱེད་ཚད་ས་ཡ་༣དང་༦འབུམ་༣ཁྲི་ཟིན་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་གྲངས་གཞི་ལས་གསལ་བར། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་ཁང་པ་ཐབས་ཆག་ཁུལ་བསྒྱུར་བཀོད་བྱེད་ཚད་ཁང་གྲངས་ས་ཡ་༣དང་༦འབུམ་༣ཁྲི་ཟིན་ཡོད། གོམ་སྟབས་རྗེས་མར། ཁང་པ་ཐབས་ཆག་ཁུལ་གྱི་བསྒྱུར་བཀོད་རྣམ་གྲངས་འཛུགས་སྐྲུན་ལེགས་པོ་བྱ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁང་པ་ཐབས་ཆག་ཁུལ་བསྒྱུར་བཀོད་ཀྱི་མ་གནས་ཚོད་འཛིན་ཡག་པོ་བྱ་རྒྱུ། ཡུལ་བབ་དང་བསྟུན་ཏེ་ཁང་པ་ཐབས་ཆག་དངུལ་ལོར་ཅན་དུ་བསྒྱུར་བའི་བཀོད་སྒྲིག་བྱེད་ཚུལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།

གཞུང་ཁོངས་ས་ཆའི་ཐོག་གི་ཁང་པ་བསྡུ་ལེན་དང་ཁ་གསབ་སྲོལ་ཡིག་ཅེས་པར་གཞིགས་ན། བསྡུ་ལེན་བྱ་ཡུལ་གྱིས་དངུལ་ལོར་ཁ་གསབ་བྱེད་སྟངས་འདེམས་ཆོག་ལ། ཁང་པའི་བདག་དབང་བརྗེ་ལེན་ཡང་བྱེད་ཆོག ཁང་པ་ཐབས་ཆག་ཁུལ་དུ་ཁང་པ་བཀོད་སྒྲིག་དང་དངུལ་ལོར་ཁ་གསབ་ཀྱི་བྱ་ཐབས་གཉིས་ཟུང་འབྲེལ་བྱེད་ཆོག་ལ། ཁང་པ་ཐབས་ཆག་ཁུལ་གྱི་གྲོང་མིས་རང་འདོད་ལྟར་འདེམས་ཆོག་གི་ཡོད།

༢༠༡༨ལོའི་ཁང་པ་ཐབས་ཆག་ཁུལ་བསྒྱུར་བཀོད་འཆར་གཞིའི་ལས་འགན་རེ་ཞུའི་བརྡ་ཐོ་ནང་། འབྲེལ་ཡོད་ཚན་པས། ཚོང་ལས་སྡོད་ཁང་བེད་སྤྱོད་དམ་བྲིན་འཚོང་དུས་ཡུན་ཟླ་བ་༡༥མན་ཆད་ཀྱི་གྲོང་ཁྱེར་དང་རྫོང་གིས། ཁང་པ་ཐབས་ཆག་ཁུལ་དངུལ་ལོར་ཅན་བཀོད་སྒྲིག་གི་བསྡུར་ཚད་ཚོད་འཛིན་བྱས་ཏེ། བཀོད་སྒྲིག་ཁང་པ་གསར་བསྐྲུན་མང་ཙམ་བྱེད་དགོས་པ་གསལ་པོ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།