རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ལོ་སྟོད་ཀྱི་ཀྲུང་དབྱང་ཁེ་ལས་འཁོར་སྐྱོད་གནས་ཚུལ་གྱི་ཁྱབ་སྤེལ་ཚོགས་འདུ་ཚོགས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༡༢ཉིན་ལོ་སྟོད་ཀྱི་ཀྲུང་དབྱང་ཁེ་ལས་འཁོར་སྐྱོད་གནས་ཚུལ་གྱི་ཁྱབ་སྤེལ་ཚོགས་འདུ་ཚོགས་པ་དང་། རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་མགྲིན་ཚབ་པ་ཕོང་ཧྭ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་དང་པོ་ནས་དྲུག་པའི་བར། ཀྲུང་དབྱང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དང་ཁེ་སྤོགས་གཉིས་ཀ་འཕར་སྣོན་ཆེན་པོ་བྱུང་བ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་དེ་ཉིད་ལོ་སྟོད་ཀྲུང་དབྱང་ཁེ་ལས་འཁོར་སྐྱོད་བྱེད་ཚུལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

༢༠༡༨ལོའི་ལོ་སྟོད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་ཕྱིན་པ་དང་། སྒོར་དུང་ཕྱུར་༡༣དང་བྱེ་བ་༧མངོན་འགྱུར་བྱུང་བ། དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་༡དང་གྲངས་ཆུང་༤མགྱོགས་སུ་ཕྱིན་པ་དང་། ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་༨༨༧༧དང་བྱེ་བ་༩ཐོབ་པ། ཟླ་རེའི་ཁེ་སྤོགས་སྒོར་དུང་ཕྱུར་༢༠༠༠ལས་བརྒལ་ཡོད། ཟླ་བ་དྲུག་པའི་ཁེ་སྤོགས་ཀྱིས་ལོ་རྒྱུས་ཐོག་གི་ཟླ་རེའི་ཁེ་སྤོགས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་། སྒོར་དུང་ཕྱུར་༢༠༡༨དང་བྱེ་བ་༨མངོན་འགྱུར་བྱུང་ཡོད། དེའི་ཁྲོད་ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར། ལྕགས་བཙོ་སྦྱང་། མེ་གློག་སོགས་ལས་རིགས་ཀྱི་ཁེ་ཕན་འཕར་ཚད་བརྒྱ་ཆ་༣༠ལས་བརྒལ་ཡོད།

ཕོང་ཧྭ་ཀང་གིས་ལོ་སྟོད་དུ་ཀྲུང་དབྱང་ཁེ་ལས་ཀྱི་མ་རྩ་བུ་ལོན་ཟུག་ཚད་བརྟན་པོའི་ཁྲོད་ཆག་པ་དང་། བུ་ལོན་ཟུག་པའི་གྲུབ་ཆ་རྒྱུན་མཐུད་ལེགས་སྒྲིག་ཐུབ་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།