ཨ་རིར་བྲོས་བྱོལ་དུ་ཕྱིན་པའི་གོ་གནས་ཀྱི་ཉེས་བསགས་དོགས་ཡོད་མི་སྣ་ཞུལ་ཁྲའོ་ཧྥའན་བཙན་ཐབས་ཀྱིས་རྒྱལ་ནང་ལ་ཕྱིར་བསྐྱལ་བ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་གི་རུལ་སུངས་ལ་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་བྲོས་བྱོལ་བྱེད་མཁན་བདའ་བདེད་དང་བརྐུས་ནོར་ཕྱིར་ལེན་ལས་དོན་གཞུང་ལས་ཁང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་འོག་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛིན་སོགས་ཚན་པའི་ཤུགས་སྒྲིལ་མཉམ་ལས་འོག ཨ་རིར་བྲོས་བྱོལ་དུ་ཕྱིན་ནས་ལོ་༡༧ལྷག་སོང་བའི་གོ་གནས་ཀྱི་ཉེས་བསགས་དོགས་ཡོད་མི་སྣ་ཞུལ་ཁྲའོ་ཧྥའན་སྤྱི་ཚེས་༡༡ཉིན་བཙན་ཐབས་ཀྱིས་རྒྱལ་ནང་ལ་ཕྱིར་བསྐྱལ་ཡོད་པ་རེད།

ཞུལ་ཁྲའོ་ཧྥའན་ནི་ཀྲུང་གོ་དངུལ་ཁང་ཀོང་ཏུང་ཞིང་ཆེན་ཁའེ་ཕིང་ཡན་ལག་དངུལ་ཁང་གི་དེ་སྔའི་འགོ་འཛིན་ཡིན་པ་དང་། ཀྲུང་གོ་དངུལ་ཁང་གི་མ་དངུལ་ཨ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་དང་ས་ཡ་ལྔ་ཧམ་ཟ་དང་གཞན་སྤྱོད་བྱས་པའི་དོགས་པ་ཡོད་པའི་རྐྱེན་གྱིས་སྤྱི་ལོ་༢༠༠༡ལོར་ཨ་རིར་བྲོས་བྱོལ་དུ་ཕྱིན་པ་དང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱིས་འཇུ་བཟུང་བཀའ་རྒྱ་དམར་པོ་བཏང་ཡོད་པ་རེད། ཀྲུང་གོ་དང་ཨ་རིའི་ཁྲིམས་འཛིན་སྡེ་ཁག་གིས་མཉམ་ལས་བྱས་པ་བརྒྱུད། ཞུལ་ཁྲའོ་ཧྥའན་སྤྱི་ལོ་༢༠༠༣ལོར་ཨ་རིའི་ཕྱོགས་ནས་བཀག་ཉར་བྱས་པ་མ་ཟད། སྤྱི་ལོ་༢༠༠༩ལོར་ཨ་རིར་དུས་བཀག་བཙོན་བཅུག་ལོ་༢༥བྱ་རྒྱུའི་ཉེས་ཆད་བཅད་ཡོད་པ་རེད།

མིག་སྔའི་བར། གྱོད་གཞི་ཞིབ་དཔྱོད་ཚན་པ་དང་ཀྲུང་གོ་དངུལ་ཁང་གིས་རྒྱལ་ཁབ་ཕྱི་ནང་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒོར་མོ་མི་དམངས་ཤོག་སྒོར་དུང་ཕྱུར་༢༠ལྷག་ཚུར་བླངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།