ཕྱི་འབྲེལ་པུའུ་དང་ཚོང་དོན་པུའི་མགྲིན་ཚབ་པས་ཨ་རིས་ཀྲུང་གོར་ཨ་སྒོར་དུང་ཕྱུར་ཉིས་སྟོང་གི་ཀྲུང་གོའི་ཚོང་ཟོག་སྒོ་ཁྲལ་མཐོ་རུ་གཏང་རྒྱུའི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པའི་ཐད་གཏམ་བཤད་གནང་།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རི་ཕྱོགས་ནས་རང་རྒྱལ་ལ་ཨ་སྒོར་དུང་ཕྱུར་ཉིས་སྟོང་གི་ཚོང་ཟོག་སྒོ་ཁྲལ་མཐོ་རུ་གཏང་རྒྱུའི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པའི་ཐད་གཏམ་བཤད་གནང་ཡོད།

མགྲིན་ཚབ་པས་ཨ་རིའི་ཕྱོགས་ནས་གང་མགྱོགས་དང་རིམ་སྤོར་གྱི་རྣམ་པའི་ཐོག་ནས་སྒོ་ཁྲལ་མཐོ་རུ་གཏང་རྒྱུའི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པ་ནི་རྦད་དེ་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། ང་ཚོས་དོན་དེའི་ཐད་དོ་ནན་གྱིས་རྒོལ་གཏམ་གཏང་རྒྱུ་ཡིན། ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་དེས་ཀྲུང་གོར་གནོད་འཚེ་བཟོས་པ་མ་ཟད་འཛམ་གླིང་ཡོངས་དང་རང་ཉིད་ལའང་གནོད་འཚེ་བཟོས་ཡོད། སྟངས་འཛིན་མི་ཐུབ་པའི་བྱེད་སྟངས་དེ་ལྟ་བུ་ནི་མི་རྣམས་ཀྱི་བློ་ལ་འབབ་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག

མགྲིན་ཚབ་པས་ཀྲུང་གོའི་ཕྱོགས་ཨ་རིའི་བྱ་སྤྱོད་དེར་ཧང་སང་བྱུང་། རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད་ཀྲུང་གོ་སྲིད་གཞུང་ནས་སྔར་རྒྱུན་བཞིན་བཀག་སྡོམ་ལ་དགོས་ངེས་ཀྱི་ངོ་རྒོལ་གྱི་བྱ་ཐབས་འཛིན་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་བརྒྱུད། རང་མོས་ཉོ་ཚོང་སྒྲིག་སྲོལ་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་མཉམ་དུ་སྲུང་སྐྱོང་དང་། ཉོ་ཚོང་བཙན་ཐབས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་དང་།

དུས་མཚུངས་སུ་ང་ཚོས་འཕྲལ་མར་ཨ་རིའི་ཕྱོགས་ཀྱི་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱ་སྤྱོད་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་ཞུ་གཏུག་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ཚེས་༡༡ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་དཔེ་མཚོན་རང་བཞིན་གྱི་ཉོ་ཚོང་བཙན་ཐབས་རིང་ལུགས་རེད། ཀྲུང་གོའི་ཕྱོགས་ནས་བཀག་སྡོམ་ལ་དགོས་ངེས་ཀྱི་ངོ་རྒོལ་བྱས་ཏེ། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། དེ་ནི་ཕྱོགས་རྐྱང་པའི་རིང་ལུགས་དང་ཕྱོགས་མང་རིང་ལུགས། སྲུང་འཛིན་རིང་ལུགས། རང་མོས་ཉོ་ཚོང་། བཙན་དབང་། སྒྲིག་སྲོལ་བཅས་ཀྱི་དམག་འཐབ་ཅིག་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཕྱོགས་རྐྱང་པའི་རིང་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། ཕྱོགས་མང་ཉོ་ཚོང་ལམ་ལུགས་དང་རང་མོས་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱ་རྒྱུ་སླར་ཡང་ནན་བཤད་བྱ་རྒྱུ་ཡིན། དེ་ནི་འགན་ཁུར་མཁན་རྒྱལ་ཁབ་གཅིག་ཡིན་པའི་ངོས་ནས་འཁུར་དགོས་ངེས་ཀྱི་འགན་འཁྲི་ཡིན་ཞེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།