ལག་གདངས་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་དུ་བསྐྱོད་དེ། ཀྲུང་ཨའི་འབྲེལ་བའི་དུས་རབས་གསར་པ་གཏོད།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་ལག་གདངས་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་དུ་བསྐྱོད་དེ། ཀྲུང་ཨའི་འབྲེལ་བའི་དུས་རབས་གསར་པ་གཏོད་ཅེས་པ་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་དཔྱད་གླེང་ཞེས་པ་སྤེལ་བ།

སྤྱི་ཚེས་༡༡ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་ལག་གདངས་སྦྲེལ་ནས་རྒྱུད་གཅིག་ལམ་གཅིག་དུ་བསྐྱོད་དེ། ཀྲུང་ཨའི་འབྲེལ་བའི་དུས་རབས་གསར་པ་གཏོད་ཅེས་པ་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་དཔྱད་གླེང་ཞེས་པ་སྤེལ་བ་རེད།

རྩོམ་ཡིག་ནང་། སྤྱི་ཚེས་༡༠ཉིན་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ལོ་བཞིའི་རིང་གི་ཕྱོགས་གཉིས་པོས་ལག་གདངས་སྦྲེལ་ནས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཕྱོགས་སྡོམས་གནང་བ་དང་། ཁྱོན་ཡོངས་མཉམ་ལས་དང་ཐུན་མོང་གོང་འཕེལ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཀྲུང་ཨའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ཏེ་གྲོས་འགོ་བཞི་བཏོན་གནང་བ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་དུ་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད་པ་རེད། གསུང་བཤད་ནི་གཟིགས་རྒྱང་རིང་བ་དང་དམ་པ་དོན་གཉེར་ཡིན་པས་རྒྱུད་གཅིག་ལམ་གཅིག་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་དུ་སྟོབས་ཆེའི་སྒུལ་ཤུགས་གསར་པ་འབྱིན་ངེས་ཡིན་ལ་ཀྲུང་ཨའི་ལས་དབང་གཅིག་མཐུན་མ་ལག་འཛུགས་ཆེད་དུ་མཛེས་སྡུག་ལྡན་པའི་འཆར་འགོད་འདིང་ངེས་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།