དབང་སྐྱོན་བྱིས་པའི་དྲགས་སྐྱེས་སྨན་བཅོས་ལམ་ལུགས་སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཙུང་ལི་ལི་ཁེ་བྱང་གི་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་སྐྱོན་བྱིས་པའི་དྲགས་སྐྱེས་སྨན་བཅོས་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ་དང་། སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༠པའི་ཚེས་༡ཉིན་ནས་བཟུང་དབང་སྐྱོན་བྱིས་པའི་དྲགས་སྐྱེས་སྨན་བཅོས་ལམ་ལུགས་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་ཡོད།

བསམ་འཆར་ནང་། དབང་སྐྱོན་བྱིས་པའི་དྲགས་སྐྱེས་སྨན་བཅོས་བྱ་ཡུལ་ནི་དམར་འཇར་ནས་ལོ་དྲུག་བར་གྱི་མིག་ཤེས། ཐོས་ཚོར། སྐད་ཆ། ལུས་པོ་དང་རྐང་ལག རིག་པ་སོགས་དབང་སྐྱོན་ཡིན་པའི་བྱིས་པ་དང་ཁེར་རྐྱང་ནད་གཞི་ཡོད་པའི་བྱིས་པ་སོགས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།