དམག་ཡོངས་ནས་སྤྱི་ཚོགས་ཐོག་ནས་རིག་གནས་ལས་དོན་པ་ཐོག་མར་བསྡུ་འགོ་ཚུགས།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད། ཉེ་དུས། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་རྒྱལ་སྲུང་དང་དམག་དཔུང་བསྒྱུར་བཅོས་ལས་དོན་གཏིང་ཟབ་སྤེལ་ཚུན་དམག་ཡོངས་ཀྱིས་སྤྱི་ཚོགས་ཐོག་ནས་རིག་གནས་ལས་དོན་པ་ཐོག་མར་བསྡུ་བའི་ལས་དོན་ལ་བཀོད་སྒྲིག་གནང་ཡོད། འཆར་གཞིའི་བཀོད་སྒྲིག་ལྟར་ན། སྤྱི་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་ཚེས་ཉི་ཤུ་གཉིས་ཉིན་བར། ཐོ་འགོད་བྱེད་མཁན་མི་སྣས་དམག་དཔུང་ཤེས་ལྡན་མི་སྣའི་དྲ་ཚིགས་བརྒྱུད་དེ་ཐོ་འགོད་བྱས་ན་འགྲིག་གི་ཡོད་པ་དང་། སྤྱི་ཟླ་༨པའི་ཚེས་༢༦ཉིན་དམག་ཡོངས་ནས་གཅིག་གྱུར་ཡིག་རྒྱུགས་སྒྲིག་འཛུགས་བྱ་རྒྱུ་རེད། ཡིག་རྒྱུགས་ཀྱི་ནང་དོན་ནང་སྤྱི་པའི་ཚན་པ་དང་ཆེད་ལས་ཚན་པ་གཉིས་ཡོད་པ་དང་། ཚན་པ་སོ་སོའི་རྒྱུགས་ལེན་ཁྱབ་ཁོངས་དང་ནང་དོན། ཞིབ་ཕྲའི་བླང་བྱ་བཅས་དམག་དཔུང་ཤེས་ལྡན་མི་སྣའི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་ཡོད། སྤྱི་ཟླ་༡༢པའི་ཟླ་མཇུག་གོང་དུ། གཟུགས་པོའི་བརྟག་དཔྱད་དང་། ཆབ་སྲིད་དཔྱད་དཔོག ཕྱོགས་བསྡུས་ལྟ་ཞིབ། ཡོངས་བསྒྲགས་ཞིབ་མཆན། ལས་ཞུགས་གན་འཇོག་སོགས་ཀྱི་ལས་དོན་སྒོ་ཀུན་ནས་མཇུག་འགྲིལ་བ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།