རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པས་གཙོ་གནད་ཐོག་བསྡོམས་རྩིས་རྫུན་བཟོར་སྔོན་འགོག་དང་ཆད་པ་བཅད་ནས་གྲངས་གཞིའི་བདེན་པའི་རང་བཞིན་ལ་འགན་ལེན་བྱས།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས། ད་ལོ་སྤེལ་བའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པས་བཟོ་བཅོས་བྱས་རྗེས་ཀྱི་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་སྲོལ་ཡིག་ཅེས་པར་གཞི་བཅོལ་ནས་གཙོ་གནད་ཐོག་བསྡོམས་རྩིས་རྫུན་བཟོར་སྔོན་འགོག་དང་ཆད་པ་བཅད་དེ་གྲངས་གཞིའི་བདེན་པའི་རང་བཞིན་ལ་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད།

ད་ལོ་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་དེ་སྤེལ་བ་དང་། ཡོངས་བཤེར་བྱེད་པ་དེ་རྒྱལ་དམངས་དཔལ་འབྱོར་ལས་རིགས་ཀྱི་རྣམ་གྲངས་བཅོ་བརྒྱད་དང་ལས་རིགས་ཆེན་པོ་གཅིག་དང་འབྲེལ་བ་ཡོད། དེའི་ནང་ཐོན་ལས་གཉིས་དང་གསུམ་པ་བྱེད་མཁན་གྱི་ཁྲིམས་མི་བྱེ་བ་གསུམ་དང་ཐོན་ལས་བྱེད་སྒོའི་ཚན་པ། སྒེར་གཉེར་ཚོང་དུད་བྱེ་བ་དྲུག་བཅས་ཚུད་ཡོད། ཡོངས་བཤེར་བྱེད་པའི་ནང་དོན་གྲས་སུ་མི་སྣའི་ཐོབ་ཆ་དང་། ཐོན་སྐྱེད་ནུས་པ། ནུས་རྒྱུའི་འཛད་སྤྱོད། ཞིབ་བཟོའི་བྱེད་སྒོ་སོགས་ཀྱི་གནས་ཚུལ་ཡིན་པ་དང་། སྒོ་ཀུན་ནས་རང་རྒྱལ་གྱི་ཐོན་ལས་གཉིས་པ་གསུམ་པའི་གོང་འཕེལ་གནས་སྟངས་དང་ཕན་འབྲས་ལ་བརྟག་དཔྱད་བྱ་རྒྱུ་དང་། རྒྱུ་ནོར་འབུ་ལོན་གནས་ཚུལ་དང་གསར་དར་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་སོགས་ལ་ཤེས་རྟོགས་མཐར་ཕྱིན་པ་བྱས་ནས་སྤྱི་ཁོག་སྙོམ་སྒྲིག་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ཆེད་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།