རྒྱལ་ཡོངས་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་འགག་གཏོར་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། ནད་གཞི་ཆེ་གྲས་ཆེད་དོན་བཅོས་སྐྱོབ་ཐུབ་ཚད་ནད་རིགས་ཁག་སུམ་ཅུ་བར་ཟིན་པ་བྱ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས། རྒྱལ་ཡོངས་བདེ་ཐང་དབུལ་སྐྱོར་གྱི་ལོ་གསུམ་འགག་གཏོར་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་ནད་གཞི་ཆེ་གྲས་ཆེད་དོན་བཅོས་སྐྱོབ་ཐུབ་ཚད་ནད་རིགས་ཁག་སུམ་ཅུ་བར་ཟིན་པ་བྱ་རྒྱུ་དང་། ཀུན་གྱིས་གླེང་མང་བའི་མཉམ་སྤྱོད་སྨན་གཡོག་མ་དཔེའི་ཐད་འབྲེལ་ཡོད་སྲིད་ཇུས་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད།
འབྱུང་འགྱུར་གྱི་ལོ་ངོ་གསུམ་རིང་། རང་རྒྱལ་གྱིས་སྒོ་ཀུན་ནས་ནད་གཞི་ཆེ་གྲས་ཀྱི་ཆེད་དོན་བཅོས་སྐྱོབ་ལས་དོན་སྤེལ་རྒྱུ་དང་། མངལ་སྐེའི་སྐྲན་དང་། ནུ་སྐྲན། གློ་བོའི་སྐྲན། ས་རྡུལ་གློ་ནད་སོགས་ཆེད་དོན་བཅོས་སྐྱོབ་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་བཅོས་སྐྱོབ་བྱེད་པའི་ནད་གཞི་ཆེ་གྲས་ཁག་སུམ་ཅུ་ཟིན་པ་བྱ་རྒྱུ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའ་རིན་མ་ཞའོ་ཝུའེ་ཡིས། ལོ་ངོ་གསུམ་གྱི་དུས་ཚོད་སྤྱད་དེ་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་ཤང་། གྲོང་ཚོ་བཅས་རིམ་པ་གསུམ་པའི་སྨན་བཅོས་འཕྲོད་བསྟེན་ཚན་པ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་ཚང་མར་ཁྱབ་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།