ཕྱི་རྒྱལ་གྱི་མ་འཇོག་མཁན་དང་ཐེ་ཞུགས་མཁན་ལ་རྐང་འཛིན་Aཡི་ཉོ་ཚོང་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དངུལ་འཛིན་ཐོ་འགོད་མཇུག་རྩིས་དོ་དམ་བྱ་ཐབས་དང་། ཁྲོམ་ཞུགས་ཀུང་སིའི་མ་རྐང་དབང་ཆའི་སྐུལ་ལྕག་དོ་དམ་བྱ་ཐབས་སོགས་འབྲེལ་ཡོད་གཏན་འབེབས་ཀྱི་བཟོ་བཅོས་འཆར་ཟིན་ཐད་སྤྱི་ཚོགས་ལ་ཡོངས་བསྒྲགས་ཐོག་བསམ་འཆར་བསྡུ་ལེན་བྱས་པ་དང་། ཕྱི་རྒྱལ་གྱི་མ་འཇོག་མཁན་དང་ཐེ་ཞུགས་བྱེད་མཁན་གྱི་མ་རྐང་Aཡི་ཉོ་ཚོང་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

ད་ཐེངས་གཙོ་བོ་མི་སྣ་མི་འདྲ་བ་ཁག་གཉིས་ལ་མངའ་ཁོངས་ནང་ཁུལ་དུ་མ་རྐང་Aཡི་དངུལ་འཛིན་རྩིས་ཐོ་བཟོ་རྒྱུ་ཡིན་པ་སྟེ། གཅིག་ནི། མངའ་ཁོངས་ནང་ཁུལ་དུ་ལས་དོན་སྒྲུབ་མཁན་ཕྱི་རྒྱལ་བ་ཡིན་པ་དང་། གཉིས་ནི། མ་རྐང་Aཡི་ཁྲོམ་ཞུགས་ཀུང་སིའི་ནང་མངའ་ཁོངས་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་ཡོད་པ་མ་ཟད་མ་རྐང་དབང་ཆའི་སྐུལ་ལྕག་ནང་ཞུགས་མཁན་ཕྱི་རྒྱལ་གྱི་ལས་དོན་པ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།