མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བས་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ཁྲོད་ལེགས་སུ་གཏོང་བའི་རྣམ་པ་རྒྱུན་མཐུད་ཐུབ་པ།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མིག་སྔར། རང་རྒྱལ་གྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། དཔལ་འབྱོར་འཁོར་རྒྱུག་བརྟན་པོའི་ཁྲོད་ལེགས་སུ་གཏོང་བའི་རྣམ་པ་རྒྱུན་མཐུད་ཐུབ་པ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་བཞིན་ཡོད།

སྤྱི་ཟླ་དང་པོ་ནས་ལྔ་པ་བར། བཟོ་ལས་འཕར་སྣོན་རིན་ཐང་བརྒྱ་ཆ་དྲུག་དང་གྲངས་ཆུང་དགུ་ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གཉིས་ཀྱིས་མགྱོགས་པ་ཡོད་པ་དང་། ཐོན་རྫས་གཙོ་བོའི་བྲིན་ཚོང་བརྟན་པོའི་ངང་འཕར་བ། ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་ཀྱིས་བཟོ་ལས་ཀྱི་གནས་འཕར་རིན་ཐང་གི་དཔྱ་ཁྲལ་འཕར་སྣོན་ཅུང་མགྱོགས་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཐོ་འགོད་རྩིས་གཉེར་མཁས་པ་ཀྲང་ལན་ཆིས། ཉུང་གཏོང་གསུམ་དང་། དམའ་གཏོང་གཅིག ཁ་གསབ་གཅིག་བཅས་བརྒྱུད་མཁོ་སྤྲོད་འབྲེལ་བ་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ་དང་། ཚོང་ཟོག་ཆེན་པོའི་རིན་གོང་བསྐྱར་འཕར་བྱུང་བ་དེས་ནོར་སྲིད་ཡོང་འབབ་ལ་སྐུལ་འདེད་ཐེབས་ཡོད་ཅེས་ངོ་སྤྲོད་གནང་ཡོད།

སྤྱི་ཟླ་དང་པོ་ནས་ལྔ་པ་བར། རྒྱལ་ནང་གི་གནས་འཕར་དཔྱ་ཁྲལ་དུས་མཚུངས་ལས་བརྒྱ་ཆ་༡༩འཕར་བ་དང་། དེའི་ཁྲོད་བཟོ་ཚོང་ལས་རིགས་ཀྱི་གནས་འཕར་དཔྱ་ཁྲལ་དང་དཔྱ་ཁྲལ་བསྡུ་སྟངས་སྒྱུར་བའི་གནས་འཕར་དཔྱ་ཁྲལ་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་༡༨དང་གྲངས་ཆུང་ལྔ་དང་བརྒྱ་ཆ་༡༩དང་གྲངས་ཆུང་དྲུག་ཟིན་པ། ཐོག་མའི་དཔྱ་ཁྲལ་བསྡོམས་པའི་ཡོང་འབབ་བརྒྱ་ཆའི་གནས་དྲུག་དང་གྲངས་ཆུང་བརྒྱད་ཟིན་ཡོད། ཀྲུང་གོའི་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་ལིའུ་ཧྲང་ཤིས་དབྱེ་ཞིབ་གནང་བར། ཁྲལ་བསྡུའི་འཕར་སྣོན་དེ་གཙོ་བོ་གཞི་རྩའི་དཔྱ་ཁྲལ་འཕར་སྣོན་ལས་བྱུང་ཡོད་ཅེས་གསུངས་པ་རེད།

སྤྱི་ཟླ་དང་པོ་ནས་ལྔ་པ་བར། རྒྱལ་ཡོངས་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་བརྒྱད་ཁྲི་༢༦༩༥ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ་༨དང་གྲངས་ཆུང་གཅིག་འཕར་བ་དང་། འཕར་སྣོན་མྱུར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གནས་ཀླད་ཀོར་ཚེགས་གཉིས་ཀྱིས་མགྱོགས་པ་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་སློབ་གསོ་དང་། རིག་གནས། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། ལས་ཞུགས་སོགས་ཀྱི་གཏོང་སྒོ་འགན་སྲུང་ཏན་ཏིག་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།