ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ་དང་། བསམ་འཆར་ནང་། གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དམིགས་འབེན་གཙོ་བོ་བཏོན་ཡོད་པ་སྟེ། གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་གྱི་འདེགས་སྐྱོར་གཙོ་བོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞུང་ཁོངས་དངུལ་རྩ་དང་མ་རྩའི་འཐབ་ཇུས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་སྒྲིག་གཞི་ལེགས་སུ་གཏོང་བ། གཞུང་ཁོངས་དངུལ་རྩའི་ལས་ཁུངས་ཀྱི་གསོན་ཤུགས་དང་ཚོད་འཛིན་ནུས་པ་ཤུགས་ཆེར་གཏོང་བ། གཞུང་ཁོངས་དངུལ་རྩ་དང་མ་རྩའི་རིན་ཐང་བརྟན་སྲུང་དང་རིན་འཕར་ལ་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཞབས་ཞུའི་དངོས་གཟུགས་དཔལ་འབྱོར་མངོན་འགྱུར་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན། དངུལ་རྩ་སྒྱུར་བཅོས་ཀྱི་གཞི་རྩའི་ལས་འགན་ཆེན་པོ་གསུམ་གཏིང་ཟབ་ཏུ་གཏོང་དགོས། གཞུང་ཁོངས་དངུལ་རྩ་དང་མ་རྩའི་དོ་དམ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་རྩ་བཀོད་སྒྲིག་སྔར་བས་ལུགས་མཐུན་ཡོང་བ། མ་རྩའི་དོ་དམ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་དངུལ་རྩའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྔར་བས་ཤུགས་ཆེར་གཏོང་དགོས་ཞེས་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།