ས་གནས་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མི་རིགས་ཡོངས་ཀྱིས་འཇར་འགོག་དམག་འཁྲུག་ལངས་ནས་ལོ་ངོ81ཁོར་བར་དྲན་གསོ་ཞུས་པ།
སྤེལ་བའི་དུས་ཚོད། : 2018-07-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་7པའི་ཚེས་7ཉིན་ནི་བདུན་བདུན་དུས་འགྱུར་སྟེ་མི་རིགས་ཡོངས་ཀྱིས་འཇར་འགོག་དམག་འཁྲུག་ལངས་ནས་ལོ་81ཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་རེད། མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ་ངོ་81འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་སྤྱི་ཚེས་7ཉིན་གྱི་སྔ་དྲོ་ཀྲུང་གོ་མི་མི་དམངས་འཇར་འགོག་དམག་འཁྲུག་དྲན་གསོ་ཁང་རུ་གཉེར་ཡོད་པ་རེད། མཛད་སྒོའི་ཐོག རྒྱལ་སའི་སློབ་མའི་འཐུས་མིས་བརྩེ་སེམས་ཟབ་མོས་མཉམ་སྡེབ་ཐོག་ལྦ་ཡུས་ཐིང་གི་ཁྱིམ་ཡིག་ཞེས་པ་དང་། ལྦང་ཤའོ་ཚེ་ཡི་ཁྱིམ་ཡིག་ཞེས་པ་གྱེར་འདོན་བྱས་པ་དང་། རྒྱལ་སའི་དང་བླངས་པའི་མཉམ་གཞས་ཚོགས་པས་རྨ་ཆུའི་མཉམ་གཞས་ཆེན་པོ་ཞེས་པའི་ནང་གི་ལེ་ཚན་བཞི་པའི་ཧོང་ཧྲུའེ་ཡའོ་ཞེས་པ་དང་ལེ་ཚན་བདུན་པའི་རྨ་ཆུར་སྲུང་སྐྱོབ་བྱེད་ཅེས་པ་མཉམ་དུ་བཏང་ནས་གཞོན་ནུ་མི་རབས་ཚོས་རླབས་ཆེའི་འཇར་འགོག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་ཕུགས་བསམ་རྒྱུད་འཛིན་བྱེད་པའི་དད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།

དེ་རྗེས། ལས་རིགས་ཁག་གི་འཐུས་མིས་སྔ་རྗེས་སུ་འཇར་འགོག་དམག་འཁྲུག་གི་འགྲེམས་ཁང་གི་གླིང་བཞིའི་ཚོམས་ཆེན་དུ་ཡོང་ཐོག་ལག་ཏུ་མེ་ཏོག་ཆུན་པོ་ཁྱེར་ཏེ་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་བྱས་ནས་འཇར་འགོག་བྱེད་པའི་འབུར་བརྐོས་ཆེ་གྲས་ཟངས་གྱང་ལྕགས་ལྡེབས་ཞེས་པའི་མདུན་དུ་མེ་ཏོག་ཕུལ་བ་མ་ཟད་འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་ཡོད་པ་རེད། ལས་རིགས་ཁག་གི་འཐུས་མིས་ད་དུང་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་རླབས་ཆེའི་སྙིང་སྟོབས་ཞེས་འཁོད་པའི་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ལངས་ནས་ལོ་ངོ་81འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཁང་ནང་ལྟ་སྐོར་བྱས་ཡོད། པེ་ཅིང་དང་། ས་གནས་ཁག་གིས་ཀྱང་རྣམ་པ་མི་འདྲ་བའི་དྲན་གསོའི་བྱེད་སྒོ་སྤེལ་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་མཁའ་འགོག་ཉེན་བརྡའི་སྒྲ་ཧོ་པེ་ཞིང་ཆེན་གྱི་ཧྲེ་ཅྭ་ཀྲོང་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་གྲགས་ཡོད། མི་དམངས་མཁའ་ཟོན་གཞུང་ལས་ཁང་གིས་བཅིངས་འགྲོལ་ཐང་ཆེན་རུ་མཁའ་ཟོན་ཤེས་བྱ་སྒྲོག་སྦྱངས་དང་མཁའ་ཟོན་ཉེན་བརྡ་ཚོད་ལྟ་བྱེད་པའི་མཛད་སྒོ་གཉེར་ནས་བདུན་བདུན་དུས་འགྱུར་ཐོན་ནས་ལོ་ངོ་81འཁོར་བར་དྲན་གསོ་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།