ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྒྱད་ཐེར་བཏོན་བྱས་པ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབ་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བརྒྱད་ཐེར་བཏོན་བྱས་ཡོད། གནད་དོན་བརྒྱད་པོ་ཁག་སོ་སོ་ནི་ཉིང་ཤ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་བྱ་དོན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཝུ་ཅིང་པིང་གིས་སྒྲིག་འགལ་ངང་གཞུང་གྲོན་གསོན་སྟོན་ལ་ཕྱིན་པའི་གནད་དོན་དང་། ཧེ་ནན་ཞི་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཡི་དེ་སྔའི་ཧྲུའུ་ཅི། ཅུས་ཀྲང་ཀྲོའོ་གོ་ཆང་གིས་ཚད་གཞི་ལས་བརྒལ་བའི་གཞུང་དོན་སྣེ་ལེན་དང་ལེན་ཞུས་པའི་གནད་དོན། ཅི་ལིང་ཞིང་ཆེན་ཅི་ལིང་གྲོང་ཁྱེར་ལུང་ཐན་ཁུལ་ཤིང་ཅི་ལིན་ཁྲོམ་ལམ་དོན་གཅོད་ཁང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལེའུ་ཤན་ཧྥེང་གིས་སྒྲིག་འགལ་ངང་གཞུང་གྲོན་ཟ་འཐུང་སྒྲིག་འཛུགས་བྱས་པའི་གནད་དོན། ཀྲེ་ཅང་ཞིང་ཆེན་ཝེན་ཀྲོའུ་གྲོང་ཁྱེར་ཨོ་ཧའེ་ཁུལ་ཚོང་དོན་ཅུས་ཀྱི་ཏང་ཙུའུ་ཡི་དེ་སྔའི་ཁོངས་མི། ཁུལ་འབྲུ་རིགས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་གཞོན་པ་ཏའེ་ཝེ་ཀྲུང་གིས་དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་བཀོད་སྒྲིག་བྱས་པའི་ཡུལ་སྐོར་ཁུལ་དུ་ཕྱིན་པའི་གནད་དོན། ཧུའུ་པེ་ཞིང་ཆེན་འུ་ཧན་གྲོང་ཁྱེར་ཅང་ཧན་ཁུལ་ཁྲང་ཆིང་ཁྲོམ་ལམ་ཏང་གི་ལས་དོན་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི། དོན་གཅོད་ཁང་གི་དེ་སྔའི་ཀྲུའུ་རིན་དབྱི་ཀན་ཅུན་གྱིས་སྒྲིག་འགལ་ངང་གཞུང་གྲོན་ཟ་འཐུང་བཀོད་སྒྲིག་བྱས་པ་སོགས་ཀྱི་གནད་དོན། ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲའུ་གྲོང་ཁྱེར་ཁྲེང་ཧྥ་ཚོགས་པའི་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ལས་འཛིན་དཔོན་ལེའོ་ཧུལ་གྱིས་སྒྲིག་འགལ་ངང་འབུལ་ཚན་བླངས་པ་སོགས་ཀྱི་གནད་དོན། སི་ཁྲོན་ཞིང་ཆེན་སུད་ཉིང་གྲོང་ཁྱེར་ཏ་དབྱིན་རྫོང་ཧའེ་པན་གྲོང་བརྡལ་པོ་སི་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་ཝང་ཆིང་ཧྲེང་གིས་བུའི་གཉེན་སྟོན་གཉེར་བའི་གོ་སྐབས་དང་བསྟུན་ཏེ་སྒྲིག་འགལ་ངང་འབུལ་ཚན་བླངས་པའི་གནད་དོན། ཀོང་ཏ་དངུལ་ཁང་ཧུའུ་ཧེ་ཧའོ་ཐེ་ཡན་ལག་ཚོང་གཉེར་པུའི་ཏང་ཀྲེ་པུའི་དེ་སྔའི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ལི་ཅུན་གྱིས་གཞུང་གྲོན་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་འགྲོ་རྒྱུ་སྒྲིག་འཛུགས་བྱས་པའི་གནད་དོན་བཅས་ཡིན་པ་རེད།

ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བས། གོང་ཞུས་གནད་དོན་བརྒྱད་པོས་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མུ་མཐུད་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཆེན་རིང་ཐོན་པའི་སྒྲིག་འགལ་གནད་དོན་དང་། དམར་ཐིག་ལ་འགལ་བའི་མི་དང་བྱ་དངོས་མཐའ་དག་ལ། ཤེས་ཚད་རྡུང་རྡེག་དང་། བརྟག་དཔྱད་མྱུར་པོ། ཐག་གཅོད་ནན་པོ། གནད་འཕིགས་རྡུང་རྡེག་བཅས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཚང་མར་ཐག་གཅོད་ནན་པོ་བྱ་རྒྱུ་དང་། རྩ་བ་ཉིད་ནས་གུ་ཡངས་དང་རྒྱ་ཡན་དུ་མི་གཏོང་བར། སྲོལ་བཟང་སྤྱོད་བཟང་གི་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་མཚོན་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།