རིགས་གཅིག་མཁས་པས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ལ་གསལ་འགྲེལ་བྱེད་ཅེས་པ་སྟེ་ཧྲང་ཧའེ་ཡི་སྙིང་སྟོབས་དང་མཉམ་ལས་ལྟ་བ་ཞེས་པ་གཏོང་སྤེལ་ཞུ་རྒྱུ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རིགས་གཅིག་མཁས་པས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ལ་གསལ་འགྲེལ་བྱེད་ཅེས་པ་སྟེ། དེ་རིང་ལེའུ་གསུམ་པ་ཧྲང་ཧའེ་ཡི་སྙིང་སྟོབས་དང་མཉམ་ལས་ལྟ་བ་ཞེས་པ་གཏོང་སྤེལ་ཞུ་རྒྱུ་ཡིན།
ད་ཐེངས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་ཧྲང་ཧའེ་སྙིང་སྟོབས་ཀྱི་གཏིང་ཟབ་པའི་དོན་སྙིང་རྒྱས་གླེང་ཞུས་གནང་བ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་འགན་ཁུར་དགོས་པའི་གཞི་རྩའི་རྩ་དོན་ཏེ། ང་ཚོས་སྒོ་དབྱེ་དང་མཉམ་འདྲེས། གཉིས་ཕན། མཉམ་རྒྱལ་བཅས་ཀྱི་མཉམ་ལས་ལྟ་བ་རྒྱུན་འཛིན་བྱ་དགོས་པ་དང་། རང་ཁེ་རང་ཕན་དང་མིག་རྒྱང་ཐུང་བའི་གུ་དོག་སྲིད་ཇུས་ཁས་ལེན་མི་བྱེད་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་གཏན་འབེབས་ལ་སྲུང་སྐྱོབ་བྱེད་པ། ཕྱོགས་མང་རིང་ལུགས་ཀྱི་ཉོ་ཚོང་མ་ལག་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་ཁ་གསལ་བསྟན་གནང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་རེས་སྐོར་གོང་མ་དག་གི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཐོག གོང་འཕེལ་གྱི་སྐོར་གླེང་སྐབས་རྟག་ཏུ་ཐུན་མོང་ཞེས་པའི་ཡིག་འབྲུ་དེ་གཉིས་གླེང་གནང་བ་དང་། མཉམ་ལས་ཀྱི་སྐོར་གླེང་སྐབས་རྟག་ཏུ་དངོས་གཉེར་ཞེས་པའི་ཡིག་འབྲུ་དེ་གཉིས་གླེང་གནང་ཡོད། ཁོང་གིས། ཐུན་མོང་དར་རྒྱས་གོང་འཕེལ་ཡོང་རྒྱུ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་དགོས་པ་དང་། དངོས་གཉེར་མཉམ་ལས་བྱ་རྒྱུ་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་ཡོང་བའི་དངོས་པོའི་རྨང་གཞི་དང་འགུལ་ཤུགས་ཐོག་མ་དེ་ཡིན་ཞེས་གསུངས་གནང་ཡོད། ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མ་ཅ་ལིས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་དུ་ཕྱིན་རྗེས། ཁོངས་གཏོགས་རྒྱལ་ཁབ་དབར་མཉམ་ལས་དེ་བས་གལ་ཆེར་འཛིན་རྒྱུར་ནན་བཤད་བྱ་དགོས། མི་སེམས་གཅིག་ཏུ་བསྒྲིལ་ན། རི་རྒྱལ་ལྷུན་པོ་ཡིན་ཡང་སྤོ་ཐུབ། ད་ལྟ་ཁོངས་གཏོགས་རྒྱལ་ཁབ་༨ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཆབ་སྲིད་ལམ་ལུགས་གཅིག་མཚུངས་མིན་ལ། འདུ་ཤེས་འཛིན་སྟངས་དང་། ལོ་རྒྱུས་ཀྱི་སྲོལ་རྒྱུན་ཡང་གཅིག་པ་མིན། རྒྱལ་ཁབ་ཁ་ཤས་དབར་ད་དུང་ཕྱོགས་འགལ་ཧ་ཅང་ཆེན་པོ་ཡོད། མ་འོངས་པར། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ནང་ཁུལ་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ན། ཕན་ཚུན་བར་ཡིད་ཆེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བྱ་ཐབས་སྣ་ཚོགས་བེད་སྤྱད་ནས། ཆབ་སྲིད་དང་སྲིད་ཇུས་ཐད་མཐུན་སྦྱོར་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད་པ་རེད། ཆིང་ཧྭ་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་བ་ཝུ་ཏ་ཧུའེ་ཡིས། ད་ཐེངས་ཆིང་ཏའོ་དབུ་ཚོགས་ཐོག་ཐོབ་པའི་ཐུན་མོང་ངོས་འཛིན་དང་གྲུབ་འབྲས་དག་གིས། སྒྲིག་འཛུགས་དེའི་གོང་འཕེལ་འཆར་འགོད་གཏིང་བ་དང་ཆབས་ཅིག གོ་ལའི་འཕེལ་ཚུལ་དང་ལྡོག་པ་དང་རྒྱལ་ཁབ་ཆེན་མོའི་ཕྱོགས་རྐྱང་པའི་རིང་ལུགས་ལ་རྒོལ་ལན་ནུས་ལྡན་ཞིག་སློག་ཡོད། ཆིང་ཏའོ་བསྒྲགས་གཏམ་ཞེས་པས་འཛམ་གླིང་ཁྱོན་ཡོངས་ལ། སྒེར་ཚུགས་སུ་གནས་པའི་བདེ་འཇགས་ཀྱི་ཁེར་ཆགས་གླིང་ཕྲན་ཞིག་ཡོད་མི་སྲིད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་གཅེས་སྒེར་ཚུགས་སུ་གནས་མི་ཐུབ། ད་ལྟའི་འཛམ་གླིང་ཐོག་གོ་ལའི་འཕེལ་ཚུལ་དང་ལྡོག་པའི་ཐད་སློག་པའི་རྒོལ་ལན་ནུས་ལྡན་ཞིག་ཡིན་པ་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་མ་འོངས་པར་མུ་མཐུད་ཧྲང་ཧའེ་ཡི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས། རང་སོའི་སྔར་ཡོད་ཀྱི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་སྲིད་ཅེས་གསུངས་ཡོད་པ་རེད།

ཆིང་ཏའོ་དབུ་ཚོགས་ཀྱིས། ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་དུས་ཡུན་ལོ་གཅིག་གི་ཀྲུའུ་ཞིའི་རྒྱལ་ཁབ་ལ་མཇུག་སྡོམ་ལེགས་པོ་ཞིག་རྒྱབ་ཡོད། ཆིང་ཏའོ་ནས་སླར་ཡང་ཐོན་ཏེ། ཀྲུང་གོས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཁག་དང་ཐུན་མོང་ལག་གདང་སྦྲེལ་བ་དང་། འཛམ་གླིང་རྒྱལ་ཁབ་གཞན་དང་མཉམ་དུ་བསྐྱོད་ནས། སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་ལ་ཁ་ཕྱོགས་ངེས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།