ཧེན་ཀྲེང་གིས་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགལ་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ལས་དོན་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ལས་དོན་གྲོས་ཚོགས་སྤྱི་ཚེས་༡༡ཉིན་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།

ཧེན་ཀྲེང་གིས། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་པ་དེ་ནི། རྒན་གསོའི་འགན་བཅོལ་མངོན་འགྱུར་བྱེད་པའི་རྒྱལ་ཡོངས་ཀྱི་གཅིག་གྱུར་བྱ་ཐབས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་ནས། སྤྱི་ཚོགས་ཧྲིལ་པོའི་ཁུར་པོ་ལྗིད་དུ་མི་གཏོང་བ་དང་རྒན་གསོའི་འགན་བཅོལ་སྐྱེལ་བའི་དངུལ་གྲངས་མང་དུ་མི་འགྲོ་བའི་རྨང་གཞིའི་སྟེང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་འཛུགས་པ་ལ་བརྟེན་ནས། ས་ཁུལ་བར་གྱི་ཐེངས་རྩའི་ཁུར་པོ་ལུགས་མཐུན་དང་དོ་སྙོམས་བཟོ་བ་དང་། ཐེབས་རྩའི་བདེ་འཇགས་དང་རྒྱུན་མཐུད་མངོན་འགྱུར་བྱེད་པ། ནོར་སྲིད་ཀྱི་ཁུར་པོ་ཚོད་འཛིན་ཐུབ་ཐབས་བྱེད་པ། ས་གནས་ཁག་གི་རྒན་གསོའི་དངུལ་གྲངས་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ་འགན་ལེན་བྱེད་པ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་ལྟར། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་སྙོམས་སྒྲིག་ལམ་ལུགས་མངོན་འགྱུར་ཡག་པོ་བྱས་ཏེ། རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ཁྱོན་ལ་གཅིག་གྱུར་ཆགས་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་དང་།

ཧེན་ཀྲེང་གིས། གཞི་རྩའི་རྒན་གསོའི་འགན་བཅོལ་འགྲོ་དངུལ་བསྡུ་བའི་ལས་དོན་ཁྲིམས་ལྟར་ཡག་པོ་སྒྲུབ་དགོས་པ་དང་། ལམ་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། བསྡུ་ཚད་མཐོ་རུ་གཏོང་བ། འགྲོ་དངུལ་བསྡུ་བའི་གཞི་གྲངས་བརྟན་དུ་གཏོང་བ། ཀྲུང་དབྱང་གི་སྙོམས་སྒྲིག་ཐེབས་རྩའི་ལམ་ལུགས་ཤུགས་ཆེར་གཏོང་བ་བཅས་བྱ་དགོས་པ་དང་། ཞིང་ཆེན་རིམ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་གཅིག་གྱུར་བསྡུ་བ་དང་གཅིག་གྱུར་ངང་གཏང་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། སྤྱི་ལོ་༢༠༢༠ལོར་སླེབས་སྐབས་ཞིང་ཆེན་རིམ་པ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་མངོན་འགྱུར་ཐུབ་པ་བྱས་ཏེ། རྒན་གསོའི་འགལ་བཅོལ་གྱི་རྒྱལ་ཡོངས་གཅིག་གྱུར་བཀོད་སྒྲིག་ལ་རྨང་གཞི་ཡག་པོ་ཞིག་འདིང་དགོས་པ་དང་། ཀྲུང་དབྱང་གི་སྙོམས་སྒྲིག་ཐེབས་རྩའི་དོ་དམ་ལས་དོན་ཚགས་ཚུན་པོ་སྒྲུབ་པ། ཐེབས་རྩའི་སྔོན་རྩིས་གྱི་དོ་ནན་རང་བཞིན་དང་ཚོད་འཛིན་རང་བཞིན་བརྟན་དུ་བཏང་བ་བརྒྱུད། ཐེབས་རྩའི་ཆེད་དངུལ་ཆེད་སྤྱོད་འགན་ལེན་བྱེད་པ་དང་། ཐེབས་རྩའི་མི་འདང་བའི་ཆ་ལ་ཁ་གསབ་བྱེད་པའི་ལས་དོན་ནན་ཏན་སྒོ་ནས་སྒྲུབ་པ། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་ལས་འཁྱུར་ངལ་གསོ་རྒྱབ་པའི་ལས་བཟོ་པར་དུས་ཐོག་ཏུ་རྒན་གསོའི་དངུལ་འདང་ངེས་ལེན་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།