ཀྲུང་དབྱང་ཁོར་ཡུག་བལྟ་བཤེར་གྱིས་བསྐྱར་ཞིབ་བྱ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་ཁོར་ཡུག་བལྟ་བཤེར་གྱི་བསྐྱར་ཞིབ་དེ་ཞིང་ལྗོངས་བཅུར་བྱ་འགོ་ཚུགས་ཡོད་པ་རེད། བལྟ་བཤེར་ཚོ་ཆུང་གིས། ཅང་སུའུ་ཞིང་ཆེན་ཐེའི་ཀྲའུ་གྲོང་ཁྱེར་ཐའེ་ཤིན་པིང་ཅང་གཙང་པོའི་སྦག་ཆུ་གཙང་སེལ་ཚད་ཡོད་ཀུང་སིས་འབྲི་ཆུའི་ངོགས་སུ་ཁྲིམས་འགལ་གྱི་ཐོག་ནས་སྦག་བཙོག་ཡོད་པའི་འདམ་བག་ཀྲོན་ཁྲི་ཚོ་ཁ་ཤས་བྱོས་པ་དག་དུས་ཡུན་ལོ་གཉིས་ནང་གཙང་སེལ་མ་བྱས་པས་མ་ཚད་དེ་ལས་ལྡོག་ཏེ་མང་དུ་ཕྱིན་ནས་ཉེ་ཁོར་གྱི་ཁོར་ཡུག་དང་འབྲི་ཆུའི་ཆུའི་སྤུས་ཚད་བདེ་འཇགས་ལ་ཉེན་ཚབས་ཆེན་པོ་བཟོས་ཡོད་པའི་བརྡ་ཁྱབ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།