ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པ་དང་དམག་རིགས་གསུམ་གྱི་གཟབ་སྦྲེང་རུ་ཁག་གིས་གཟུགས་བརྙན་གསར་པ་མངོན་པ་བྱས་པ།
སྤེལ་བའི་དུས་ཚོད། : 2018-06-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་དྲུག་པ་ནས་བཟུང་། རང་རྒྱལ་གྱི་རྒྱལ་དོན་འཚམས་འདྲིའི་དགའ་བསུ་ཞུ་བའི་མཛད་སྒོར་འགྱུར་བ་གསར་པ་རབ་དང་རིམ་པ་བཏང་ཡོད་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པ་དང་དམག་རིགས་གསུམ་པོའི་གཟབ་སྦྲེང་རུ་ཁག་གིས་གཟུགས་བརྙན་གསར་པ་མངོན་པ་བྱས་ཡོད།

དམག་རིགས་གསུམ་པོའི་གཟབ་སྦྲེང་རུ་ཁག་ནང་བུད་མེད་དམག་མིའི་རུ་སྟར་ཐེངས་དང་པོར་ཁ་སྣོན་བྱས་པ་དེ་ཁྱད་ཆོས་གྲས་ལ་གྱུར་ཡོད། དེའི་གོང་གཟབ་སྦྲེང་རུ་ཁག་ནི་བུད་མེད་དམག་མི་དང་སྐྱེས་པ་དམག་མི་བཅུ་གསུམ་མཉམ་བསྲེས་བྱས་པ་ལས་གྲུབ་པའི་རུ་སྟར་ཞིག་ཡིན་པ་དང་། ད་ཆ་སྐམ་མཚོ་མཁའ་གསུམ་གྱི་བུད་མེད་དམག་མི་ལྔ་བཅུ་ང་ལྔས་ཁེར་རྐྱང་ཐོག་རུ་སྟར་བསྒྲིགས་པ་དང་། སྐྱེས་པ་དམག་མིའི་རུ་སྟར་གསུམ་གྱི་རྗེས་སུ་བཞག་པ། གཟབ་སྦྲེང་རུ་ཁག་གི་སྤྱིའི་མི་གྲངས་ཀྱང་དེའི་གོང་མི་འབོར་མང་ཤོས་སྐབས་མི་༡༥༡ཡོད་པ་ནས་ད་ཆ་མི་༢༢༤བར་མང་དུབཏང་ཡོད་པ་རེད།

བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་གི་བུད་མེད་དམག་མིའི་རུ་འབྲིང་གི་རུ་དཔོན་ཁྲེང་ཁྲེང་གིས། ང་ཚོ་དེ་སྔ་མི་བཞིས་སྟར་པ་གཅིག་བྱེད་པ་ནས་ད་ཆ་མི་དྲུག་གིས་སྟར་པ་གཅིག་བྱེད་པའི་བར་འགྱུར་བ་བྱུང་ཡོད། མི་གྲངས་མང་དུ་སོང་བ་དེས་གྲལ་འགྲིག་པོ་ཡོང་བའི་དཀའ་ངལ་ཆེ་རུ་ཕྱིན་ཡོད་ཅེས་བསྟན་པ་རེད།

བཅིངས་འགྲོལ་དམག་དམག་དཔུང་རོལ་ཆ་ཚོགས་པའི་ཚོགས་གཙོ་ཀྲང་ཧའེ་ཧྥོང་གིས། དམག་དཔུང་རོལ་ཆ་རུ་ཁག་གི་འབུལ་དཀྲོལ་འཁྲབ་སྟོན་ལའང་ལེགས་བཅོས་མང་པོ་བྱས་པ་དང་། དེའི་ནང་ནས་མངོན་གསལ་དོད་ཤོས་ནི་ལྟ་ཚོར་དང་ཐོས་ཚོར་གྱི་འགྱུར་བ་དེ་རེད། ལྟ་ཚོར་གྱི་འགྱུར་བ་དེ་མདུན་སྐྱོད་རོལ་དབྱངས་རུ་ཁག་གི་གྱོན་ཆས་ཐོག་ནས་མངོན་ཡོད་པ་སྟེ། དེ་སྔའི་སྟོད་གོས་དམར་པོ་དང་། གོས་ཐུང་དཀར་པོ། གསེར་མདོག་གི་སྐེ་རགས་ནས་ད་ཆ་སྟོད་གོས་སྔོན་པོ་དང་། གོས་ཐུང་དཀར་པོ། ཀོ་ལྷམ་དཀར་པོ། སྐེ་རགས་དཀར་པོ་བཅས་ལ་བསྒྱུར་ཡོད། འབུལ་དཀྲོལ་འཁྲབ་སྟོན་རུ་ཁག་གི་མི་གྲངས་དེ་སྔའི་༤༣ནས་ད་ཆ་༦༡བར་མང་དུ་བཏང་ཡོད། དམག་དཔུང་རོལ་ཆ་རུ་ཁག་གི་དཀྲོལ་གཏོང་ཐད་ཤིང་གི་རོལ་ཆས་དང་ཨང་རྟགས་ཆེ་བའི་རོལ་ཆའི་གྲངས་ཚད་མང་དུ་བཏང་ཡོད་པ་མ་ཟད། ད་དུང་རོལ་ཆ་རུ་ཁག་གི་བཀོད་འདོམས་ལག་བརྡ་དང་མེས་རྒྱལ་ལ་བསྟོད་གླུ་ལེན་ཞེས་པའི་རོལ་དབྱངས་སྒྲིག་བཟོའི་ཐད་འགྱུར་བ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།