རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-06-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཐེངས་བཞི་པའི་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་དེ་སྐོང་ཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཝང་ཡང་གིས། འདུམ་ཁྲིམས་ནུས་ཆོད་ཡིག་ཆའི་ལག་བསྟར་གྱི་ནུས་པ་ཐོན་པ་བྱེད་རྒྱུ་དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་གནས་ཚུལ་གྱི་ཕྱོགས་བསྡུས་མཚོན་ཚུལ་ཞིག་ཡིན་པ་དང་། དེ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆུ་ཚད་ཀྱི་མཚོན་ཚུལ་ཞིག་ཀྱང་ཡིན། སྲིད་གྲོས་ཨུ་ཡོན་གྱིས་ལག་བསྟར་བྱེད་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་རྒྱུའི་གྲོས་མཐུན་སྲིད་དོན་བགྲོ་གླེང་ལ་དམིགས་པ་དེ་ནི་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཐོག་གཅིག་བསྡུས་བྱེད་རྒྱུར་ཕན་ཐོགས་ཡོད་པ་དང་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་རྒྱུར་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།