འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་མྱུར་བགྲོད་མེ་འཁོར་འབབས་ཚུགས་མཐའ་འཁོར་གྱི་གསར་སྤེལ་ཐད་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་ས་ཁང་ཐོན་ལས་ཁོ་ན་ཅན་ལ་འགྱུར་བར་དོ་དམ་ཚོད་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༦ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། མིག་སྔའི་མྱུར་བགྲོད་མེ་འཁོར་འབབས་ཚུགས་མཐའ་འཁོར་ས་ཁུལ་གྱི་གསལ་སྤེལ་འཛུགས་སྐྲུན་ཐད་ལྷག་པའི་གནད་དོན་གྱི་སྐོར་གླེང་སྐབས། འབྲེལ་ཡོད་ས་གནས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། ཚད་ལྡན་གོ་རིམ་ལྡན་པའི་ངང་མྱུར་བགྲོད་མེ་འཁོར་འབབས་ཚུགས་མཐའ་འཁོར་གྱི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་སྟོན་བྱ་དགོས་ཚུལ་བསྟན་ཡོད།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་གཅིག་ལྕོགས་མེང་ཝུའེ་ཡིས། ཉེ་དུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བཞིས་མཉམ་འབྲེལ་ཐོག མྱུར་བགྲོས་མེ་འཁོར་འབབས་ཚུགས་ཀྱི་མཐའ་འཁོར་ས་ཁུལ་གྱིས། དོན་དངོས་དང་མཐུན་པའི་སྒོ་ནས་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་ཞེས་པ་སྤེལ་ནས། མྱུར་བགྲོད་མེ་འཁོར་བབས་ཚུགས་མཐའ་འཁོར་གྱི་གསར་སྤེལ་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཁྲོད། ཁྲིད་སྟོན་དང་། ཚད་ལྡན། ལེགས་བསྡུས་ཞིབ་གཉེར། མཉམ་འདྲེས་བཅས་ཁོངས་སུ་ལེགས་པོ་ཆུད་དགོས་པའི་ནན་སྟོན་གནང་ཡོད་ཅེས་བསྟན་གནང་ཡོད།

མཛུབ་ཁྲིད་བསམ་འཆར་ཞེས་པའི་ནང་། དོ་དམ་ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དང་ས་ཞིང་བེད་སྤྱོད་གྲོན་ཆུང་ལམ་ལུགས་ལག་བསྟར་བྱ་དགོས་པ་དང་། ཁྲིམས་ལྟར་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཞིབ་མཆན་འགྲོ་ལུགས་གཉེར་བ། ས་ཁང་ཐོན་ལས་ཁོ་ན་ཅན་ལ་འགྱུར་བར་དོ་དམ་ཚོད་འཛིན་མཐའ་གཅིག་ཏུ་བྱ་དགོས་པ་བཅས་ཁ་གསལ་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།