རྒྱལ་ཡོངས་སྲིད་གྲོས་ཀྱིས་མ་འཇོག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་སྒྲིག་གཞི་འཐུང་ཚང་འཛུགས་རྒྱུའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་ཝང་དབང་གིས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-05-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅོ་ལྔ་ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་སྒྲིག་གཞི་འཐུས་ཚང་འཛུགས་རྒྱུའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་ཡོད།

ཝང་དབང་གིས། དངུལ་རྩའི་ཉེན་ཁར་སྔོན་འགོག་ཚོད་འཛིན་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གོང་འཕེལ་གྱི་གནས་བབ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ཅིང་། དེ་ནི་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་བྱེད་པར་བརྒྱུད་དགོས་ངེས་ཀྱི་འགག་སྒོ་ཆེན་པོ་ཞིག་ཡིན་པས་ངེས་པར་དུ་འགག་གཏོར་དམག་འཐབ་དེ་ཡག་པོ་ཞིག་རྒྱག་དགོས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་དང་པོས་གྲོས་གཞི་དེ་བདམས་ནས་གྲོས་མོལ་བྱེད་པ་དེ་ནི་མི་དམངས་སྲིད་གྲོས་ཀྱིས་ལྟེ་བར་གཞིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབ་པ་ཞིག་རེད།

ཆབ་སྲིད་གྲོས་མོལ་སྟེགས་བུའི་སྲིད་གླེང་དང་ཏང་དང་སྲིད་གཞུང་གི་སྲིད་ཇུས་འདོད་ཚུལ་དྲིལ་བསྒྲགས་དང་། ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆེད་དོན་གྲོས་མོལ་ཚོགས་འདུ་ཞེས་པའི་དམངས་གཙོའི་བྱ་ཐབས་དེ་རྒྱུན་འཁྱོངས་ཡག་པོ་དང་གོང་འཕེལ་ཡག་པོ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།