རང་རྒྱལ་གྱི་ས་གནས་མང་པོ་ཞིག་གིས་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་བཏོན་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རང་རྒྱལ་གྱི་ས་གནས་མང་པོ་ཞིག་གིས་སྔ་རྗེས་སུ་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་བཏོན་ཞིང་། ཕྱི་ཕྱོགས་སྒོ་དབྱེའི་དུང་བརྡ་གསར་པ་གྲགས་ཡོད།

ཉེ་ཆར། ཧའེ་ནན་ཞིང་ཆེན་གྱིས། ཀྲུང་གུང་ཧའེ་ནན་ཞིང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་ཞིང་ཆེན་བཙུགས་པ་དང་དམིགས་བསལ་ཁུལ་གཉེར་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧའེ་ནན་གྱི་ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར་སློབ་སྦྱོང་ལག་བསྟར་གཏིབ་ཟབ་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱས་ཏེ། ཧའེ་ནན་གྱི་རང་མོས་ཉོང་ཚོང་ཚོད་ལྟའི་ཁུལ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། གྲོས་ཆོད་ནང་། ཧའེ་ནན་ནས་རང་འགུལ་དེ་བས་ཆེ་བའི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཁྲོམ་རའི་ནང་ཞུགས་ པའི་ཚད་གཞི་ལྷུག་ཏུ་གཏོང་བ། ཕྱི་ཕྱོགས་མ་རྩར་ཁྱོན་ཡོངས་ནས་ཞུགས་འཐུས་གོང་གི་རྒྱལ་དམངས་ཐོབ་ཐང་དང་། དེའི་ཐོག་གཞན་ཆའི་གསལ་ཐོའི་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས་པ་སྟོན་ཡོད།

ལེའོ་ཉིང་ཞིང་ཆེན་ཏཱ་ལན་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སྒོ་དབྱེ་ཆེ་རུ་བཏང་ནས་མ་ཕྱི་ཕྱོགས་མ་རྩ་བེད་སྤྱོད་གང་ལེགས་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་ཀྱི་བསམ་འཆར་འགའ་ཤས་ཞེས་པ་གང་མགྱོགས་བཏོན་རྒྱུ་ཡིན་པ་དང་། བསམ་འཆར་ནང་། 2025ལོའི་ཀྲུང་གོའི་བཟོ་སྐྲུན་གྱི་ཏཱ་ལན་བྱ་སྤྱོད་འཆར་གཞི་ཞེས་པའི་ཁྱབ་ཁོངས་ཀྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས།དེ་བཞིན་དངུལ་རྩ་དང་བོགས་གཏོང་སོགས་པའི་ཕྱི་ཕྱོགས་མ་རྩའི་ཁེ་ལས་དང་འབྲེལ་བ་ཡོད་པར་སྒོར་བྱེ་བ་གཉིས་ལས་མི་བརྒལ་བའི་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད། ཏཱ་ལན་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་དབྱིད་ཀྱིས། དེ་ནི་ཏཱ་ལན་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་ཕྱི་དངུལ་བེད་སྤྱོད་པའི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་ཤོས་ཤིག་རེད་ཅེས་སྟོན་འདུག

རྒྱུད་གཅིག་ལམ་གཅིག་གི་གལ་ཆེའི་ལྷུ་ཚིགས་གྲོང་ཁྱེར་ཀན་སུའུ་ལན་ཀྲའུ་་གྲོང་ཁྱེར་གྱིས། ལམ་གྲུ་རྟག་ཅན་གྱི་ཨེ་ཞི་ཡ་ལྷོ་མའི་རྒྱལ་སྤྱིའི་དུས་བརྟན་མེ་འཁོར་ལ་བརྟེན་ནས་ལན་ཀྲའུ་ཡི་རྒྱལ་སྤྱིའི་གྲུ་ཁ་ཁུལ་གྱིས་མིག་སྔར་སྤེལ་བཞིན་པའི་ནེ་པལ་བར་གྱི་ཕྱོགས་གཉིསཉོ་ཚོང་སྔོན་འགྲོའི་ཁྲིད་སྟོན་དུ་བྱས་ནས་དེ་རྒྱ་གར་དང་། པ་ཀི་སི་ཐན་སོགས་འབྲེལ་ཡོད་རྒྱལ་ཁབ་ཏུ་སྣུར་བསྲིང་བྱས་པ་དང་། ཀོ་ཏར་གྲུ་ཁའི་རྒྱ་མཚོར་ཐོན་སའི་བར་ཤར་གཏོང་བྱ་རྒྱུ་རེད།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་དངོས་གཟུགས་སྟེགས་བུ་ཐོག་མ་དེ་ཡིན་པའི་ངོས་ནས་ལན་ཡུན་ཀང་གྲུ་ཁའི་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཟོག་འདྲེན་མཉམ་ལས་རྟེན་གཞི་དེས་རྒྱ་མཚོ་དང་སྐམ་སའི་མཉམ་སྦྲེལ་སྒོ་དབྱེ་གཏིང་ཟབ་དང་། ཤར་ནུབ་ཕྱོགས་གཉིས་སུ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ད་ལོ་རྟེན་གཞི་དེའི་ཤིན་ཅང་ཧོར་གོ་སེ་ཟོག་འདྲེན་ས་ཚིགས་འཛུགས་སྐྲུན་ཟིན་ནས་བེད་སྤྱོད་བྱ་རྒྱུ་ཡིན་ཞིང་། དེ་སྒོ་ཁྲལ་ཁག་ཐེག་དང་། འཁྱག་གཏོང་སྦྲེལ་ཐག་གཅིག་ཏུ་བསྡུས་པའི་རྒྱལ་སྤྱིའི་ཟོག་འདྲེན་འཁོར་སྐྱོད་རྟེན་གཞི་ཞིག་ཏུ་སྐྲུན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན།