མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་སྔ་ཕྱི་བར་གསུམ་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༣ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་སྔ་ཕྱི་བར་གསུམ་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། གཏན་འབེབས་དང་རྒྱབ་འགལ་བྱས་ཚེ་འགན་འཁྲི་རྩད་གཅོད་བྱེད་ངེས་ཡིན་པ་དང་སྒྲིག་ཁྲིམས་དང་རྒྱབ་འགལ་བྱས་ཚེ་ཞིབ་བཤེར་བྱེད་ངེས་ཡིན་པ། ཁྲིམས་ལས་རྒྱབ་འགལ་བྱས་ཚེ་ཆད་པ་ཕོག་ངེས་ཡིན་ཞིང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་བྱེད་རྒྱུ་དུས་ནམ་ཡང་ལམ་དུ་ཡོད། སྤྱི་ཚེས་༡༢ཉིན། སུན་ཀྲེང་ཚེའི་ཡིས་ལྐོག་རྔན་ལེན་པའི་གྱོད་གཞིའི་འདྲི་གཅོད་ཐེངས་དང་པོ་དེ་ཐན་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོར་ཁྲིམས་ལྟར་ཡོངས་བསྒྲགས་ཐོག་ནས་ཁྲིམས་ར་འཚོགས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་གྱོད་གཞི་དེར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་སེམས་ཐག་ཆོད་པའི་སེམས་ཤུགས་དང་རྣམ་འགྱུར་གསལ་པོ་སླར་ཡང་མངོན་ཡོད་པ་དང་སྒྲིག་ཁྲིམས་དང་ཁྲིམས་ལུགས་ལ་གཞིགས་ནས་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པའི་ཞུམ་པ་མེད་པའི་དཔའ་ཉམས་དང་བློ་སྟོབས་ཆེན་པོ་གང་ལེགས་མངོན་པ། སླད་ཡང་ཕྱི་ཕྱོགས་ལ་ཏང་ཁྲིམས་དང་རྒྱལ་ཁྲིམས་མདུན་དུ་དམིགས་བསལ་ཏང་ཡོན་མེད་ཅེས་པའི་བརྡ་འཕྲིན་གསལ་པོ་ཞིག་སླར་ཡང་བརྒྱུད་གཏོང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་བྲ་བ།
ཡིག་སྒྱུར། སྐྱིད་པོ།