2017ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལས་བཟོ་མི་སྣ་ཁྱོན་བསྡོམས་དུང་ཕྱུར་2.87ཟིན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་4ཚེས་12ཉིན། ནན་ཅིན་དུ་འཚོགས་པའི་རྒྱལ་ཡོངས་ཞིང་པ་ལས་བཟོ་མི་སྣའི་ལས་དོན་དང་ཁྱིམ་ཚང་ཞབས་ཞུ་ལས་རིགས་ཀྱི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་གྲོས་མོལ་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་གསལ་ལྟར་ན། ཉེ་བའི་ལོ་འགའི་ནང་དུ་ཞིང་པ་ལས་མིའི་ལས་ཀ་དང་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་རེད། བསྡོམས་བརྩིས་བྱས་པར་གཞིགས་ན། 2017ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལས་བཟོ་མི་སྣ་ཁྱོན་བསྡོམས་དུང་ཕྱུར་2.87ཟིན་ཡོད་ཅིང་། 2016ལོར་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞབས་ཞུའི་ལས་གཉེར་ཡོང་འབབ་དུང་ཕྱུར་3498ཟིན་ཡོད་པ། ལས་བྱེད་མི་སྣ་ཁྲི་2542ཟིན་ཡོད་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཆང་ཞའོ་ཕིང་གིས་ཚོགས་འདུའི་ཐོག་བཤད་དོན། 2017ལོར་རྒྱལ་ཡོངས་ཀྱི་ཞིང་པ་ལས་བཟོ་མི་སྣ་2012ལོ་ལས་མི་ཁྲི་2391གིས་འཕར་ཡོད་པ་དང་། ལོ་རེར་ཆ་སྙོམས་མི་ཁྲི་480འཕར་སྣོན་བྱུང་བ་དེས་ལོ་རེར་ཆ་སྙོམས་འཕར་ཚད་1.8%ཟིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་པའི་ཐེམ་ཐོའི་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་ནི་2012ལོའི་35.3%ནས་2017ལོའི་42.35%འཕར་ཡོད་པ་དང་། ཞིང་ལས་གཉེར་བའི་མི་ཁྲི་8000གྲོང་རྡལ་ཅན་དུ་གྱུར་ཡོད་པར་བཤད།