ཀྲུང་གོའི་དབྱིན་ཇིའི་སྐད་ཀྱི་ནུས་པའི་རིམ་ཚད་རེའུ་མིག་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་4ཚེས་12ཉིན། སློབ་གསོ་པུའི་རྒྱུགས་ལེན་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ་དུ། 《ཀྲུང་གོའི་དབྱིན་སྐད་ནུས་པའི་རིམ་ཚད་རེའུ་མིག་》ནི་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྤེལ་ཞིང་། ཟླ་6ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། འདི་ནི་རང་རྒྱལ་གྱིས་དབྱིན་ཡིག་སློབ་གཉེར་བ་ལ་ཐེངས་དང་པོར་དབྱིན་ཇིའི་ནུས་ཚད་འཇལ་བྱེད་ཀྱི་ཚད་གཞི་ཞིག་རེད།

《ཀྲུང་གོའི་དབྱིན་སྐད་ནུས་པའི་རིམ་ཚད་རེའུ་མིག་》ནི་སྐད་ཆ་གཙོ་བོ་བྱས་པའི་སློབ་གཉེར་བའི་དབྱིན་ཡིག་གི་ནུས་ཚད་དམའ་བ་ནས་མཐོ་བའི་བར"རྨང་གཞི་དང་ཡར་མཐོན། བྱང་ཆུབ།"བཅས་རིམ་པ་གསུམ་དུ་ཕྱེས་ཏེ་ཁྱོན་བསྡོམས་རིམ་པ་དགུར་གཏན་འཁེལ་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། ནུས་ཚད་རེའུ་མིག་དེ་ནི་སློབ་ཁྲིད་ཀྱི་རྩ་དོན་མིན་ལ། ཡིག་རྒྱུགས་ཀྱི་རྩ་དོན་ཡང་མིན་པས། ནུས་པའི་རེའུ་མིག་གི་རིམ་ཚད་ནི་སློབ་མར་བཙན་གྱིས་བླང་བྱ་བཏོན་པའང་མིན་པར་བཤད། གཞན་ཡང་། སློབ་གསོ་པུའུ་ཡི་ཡིག་རྒྱུགས་ལྟེ་གནས་ཀྱིས་རེའུ་མིག་དེའི་རྨང་གཞིའི་ཐོག་དབྱིན་སྐད་ཀྱི་ནུས་ཚད་རིམ་པའི་ཡིག་རྒྱུགས་ལེན་སྟངས་དཔྱད་བཟོ་བྱས་ནས་ཡིག་རྒྱུགས་སྐྱར་ཟློས་ཇེ་ཉུང་དུ་གཏོང་བ་དང་། ཡིག་རྒྱུགས་མ་ལག་ཅན་དུ་འགྱུར་བར་རྨང་གཞི་བཏིང་ཡོད་པ་རེད། ཞིབ་ཕྲའི་ལག་བསྟར་བྱེད་སྟངས་དཔྱད་བཟོ་བྱེད་བཞིན་ཡོད་པ་རེད།