ཀྲུང་གོས་ལི་པ་ནོན་དུ་ཡོད་པའི་སི་རི་ཡའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་ལེགས་སྒྲུབ་ཟིན་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན། ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ལ་མཁོ་འདོན་བྱས་པའི་རོགས་སྐྱོར་རྣམ་གྲངས་ཀྱི་དམིགས་འཛུགས་མ་དངུལ་གྱི་མིང་རྟགས་འགོད་པའི་མཛད་སྒོ་ལི་པ་ནོན་དུ་བཅའ་སྡོད་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་སྐུ་ཚབ་ཁང་དུ་གཉེར་ཡོད་པ་དང་། རྣམ་གྲངས་དེ་ནི་ལི་པ་ནོན་དུ་ཡོད་པའི་སི་རི་ཡའི་ཡུལ་གྱར་བ་རྣམས་ལ་རོགས་སྐྱོར་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་བ་ཞིག་ཡིན།

ལི་པ་ནོན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཁེ་ཅན་དང་ལི་པ་ནོན་དུ་བཅའ་སྡོད་བྱེད་པའི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་སྐུ་ཚབ་ཐ་ཉི་ཡ་ ཧྲ་ཕི་སས་ཁག་སོ་སོར་ཀྲུང་གོའི་སྲིད་གཞུང་དང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་འབྲེལ་ཡོད་ཡིག་ཆར་མིང་རྟགས་འགོད་གནང་ཡོད་པ་རེད།

ཝང་ཁེ་ཅན་གྱིས། རོགས་སྐྱོར་རྣམ་གྲངས་དེ་ནི་ཀྲུང་གོའི་འགོ་ཁྲིད་མི་སྣས་དེ་སྔོན་འབྲེལ་ཡོད་ཁས་ལེན་གནང་བ་དེ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་མུ་མཐུད་སི་རི་ཡའི་ཡུལ་གྱར་བའི་མི་ཆོས་གནས་ཚུལ་ཞི་ལྷོད་དུ་འགྲོ་བ་བྱ་རྒྱུ་མ་ཟད་སི་རི་ཡའི་གནད་དོན་གང་མགྱོགས་ཆབ་སྲིད་ཐོག་ནས་ཐག་གཅོད་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱས་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།