སྤྱི་ལོ་2018ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ་ཐེངས་བཞི་པ་དེ་ཤར་གཏོང་བྱས་པ་དང་། པུའུ་ཀྲང་དྲུག་གིས་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན་གྱི་སྔ་དྲོ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་མཇུག་སྒྲིལ་རྗེས། མི་དམངས་ཚོགས་ཁང་ཆེན་པོའི་བྱང་ངོས་ཚོམས་ཆེན་ནང་སྤྱི་ལོ་2018ལོའི་ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ་ཐེངས་བཞི་པ་དེ་ཤར་གཏོང་བྱས་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤའོ་ཡ་ཆིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལེའུ་ཡུང་ཧྥུ་སོགས་པུའུ་ཀྲང་དྲུག་གིས་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་ཡོད་པ་རེད།

ལྷུག་གཏོང་དང་དོ་དམ་ཞབས་ཞུ་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བྱས་པ་དང་བསྟུན། སྤྱི་དམངས་ནས་ཁྲལ་གཉེར་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཐད་རེ་སྒུག་སྔར་བས་ཆེ་བ་བྱེད་ཀྱི་ཡོད་པ་རེད།

ལོ་ལྔའི་རིང་། ཁྲལ་བསྡུའི་ཞིབ་མཆན་འགོད་པའི་བྱ་དོན་བརྒྱ་ཆ་90ཙམ་ཉུང་དུ་ཕྱིན་པ་དང་། ཁྲལ་བསྡུའི་ལས་གཉེར་ལ་མཁོ་བའི་དཔྱད་གཞིའི་ཡིག་ཆ་བརྒྱ་ཆ་30ཙམ་ཉུང་དུ་ཕྱིན་ཡོད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཝང་ཅུན་གྱིས། རྒྱུན་མཐུད་སྤེལ་བའི་དམངས་ལ་སྟབས་བདེ་སྐྲུན་པའི་ཁྲལ་གཉེར་གྱི་དཔྱིད་རླུང་བྱ་སྤྱོད་སྔར་བས་ཡག་པོ་སྤེལ་ཏེ། ཁྲལ་གཉེར་ཁྲོད་ མི་དམངས་མང་ཚོགས་འཕྲད་པའི་དཀའ་གནད་དང་འགག་གནད་ཁག་ཅིག་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

བྱང་ཤར་དར་རྒྱས་གོང་འཕེལ་ལ་ཀུན་གྱིས་དོ་ཁུར་བྱེད་བཞིན་ཡོད། གསར་འགོད་པས་བྱང་ཤར་གྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་ཤུགས་མི་འདང་བ་དང་། གོམ་སྟབས་དལ་དྲག་པའི་གནད་དོན་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤའོ་ཡ་ཆིང་ལ་འདྲི་བ་བཏོན་ཡོད། ཤའོ་ཡ་ཆིང་གིས། བྱང་ཤར་གྱི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ལ་གྲུབ་འབྲས་ཐོབ་ཟིན་པས། གྲུབ་འབྲས་སྔས་ལས་ལྷག་པ་ཐོབ་ངེས་རེད་ཅེས་བསྟན་ཡོད་པ་རེད།

གནད་འཕིགས་དབུལ་སྐྱོར་ནི་མ་འོངས་པའི་འགག་གཏོར་དམག་འཐབ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། གསར་འགྱུར་ཚན་པས་གཞི་རིམ་གྱི་དབུལ་སྐྱོར་བློ་མཐུན་ཚོས་རེའི་མིག་འབྲི་བ་དང་གྲངས་གཞི་ཐོ་འགོད་བྱེད་མང་བའི་དཀའ་གནད་ལ་དོ་ཁུར་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོང་གཞུང་ལས་ཁང་གི་ཀྲུའུ་རེན་ལེའུ་ཡུང་ཧྥུ་ཡིས། གནད་འཕིགས་དབུལ་སྐྱོར་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པར་ཡིག་ཚགས་དང་གྭ་ཤོག་བཟོ་དགོས་ཀྱི་ཡོད། འོན་ཀྱང་སྡེ་ཁག་ཁག་དང་ཕྱོགས་ཁག་ཚང་མས་རེའུ་མིག་འབྲི་བ་དང་གྲངས་གཞི་ཐོ་འགོད་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱིས་མི་བདེན་རྫུན་འགྲིག་བྱས་ན་འགྲིག་གི་མེད་ཅེས་བསྟན་པ་དང་།

ཁོང་གིས། ད་ལོ་ནི་ཀྲུང་དབྱང་གིས་དབུལ་སྐྱོར་ཁྱབ་ཁོངས་ཁྲོད་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལོ་ཡིན་པའི་ངོས་ནས། ཕྱི་ཚུལ་རིང་ལུགས་ཀྱི་ནང་དོན་དེ་རིགས་ཡོ་བསྲང་བྱ་རྒྱུ་དང་། ལྷག་པར་དུ་རུལ་སུངས་ཀྱི་སྣང་ཚུལ་ཁག་ཅིག་ལ་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།