ཨུ་ཡོན་ཞུད་རུས་ཞ་ཡིས་དམངས་འཚོ་ནི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གོང་འཕེལ་གྱི་མཇུག་བསྡུ་ས་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཏང་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་ལ་མཐོང་ཆེན་པོ་བྱེད་པ་དང་། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཚོ་བདེ་སྐྱོད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཧུ་ཧེ་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཞུད་རུས་ཞ་ཡིས་སྤྱི་ཚེས་༡༣ཉིན་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དམངས་འཚོ་ནི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གོང་འཕེལ་གྱི་མཇུག་བསྡུ་ས་ཡིན་ཞེས་བསྟན་ཡོད།

ཞུད་རུས་ཞ་ཡི་གྲོས་གཞིའི་ནང་གྲོས་འགོ་ཁག་བཞི་བཏོན་ཡོད་པ་སྟེ། གཅིག་ནི། རྒྱལ་ཁབ་ཀྱིས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དུ་ཡོད་པའི་ཚན་ཁག་ཆ་ཚང་བའི་སྨན་པ་དང་། བྱིས་པའི་སྨན་པ། རིགས་ཁག་གི་སྨན་བཅོས་ཤེས་ལྡན་མི་སྣས་བཅས་ལ་ཕྱོགས་ལྷུངས་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བྱེད་པ་དང་། གཉིས་ནི། རྒྱལ་ཁབ་ཀྱིས་མ་དངུལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དུ། རྒྱང་ཚོར་སྨན་བཅོས་སྟེགས་བུ་སྐྲུན་རྒྱུར་རོགས་སྐྱོར་བྱེད་པ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱང་ཚོར་སྨན་བཅོས་སྟེགས་བུ་བརྒྱུད་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་དང་འབྲེལ་མཐུད་ཐུབ་པའི་གྲས་འགོ་བཏོན་ཡོད། གསུམ་ནི། ཁ་གཏད་རོགས་སྐྱོར་ལམ་ལུགས་འཐུས་ཚང་དང་སྲ་བརྟན་དུ་བཏང་ནས། ལམ་ལུགས་དེ་དོན་འཁྱོལ་ཡག་པོ་དང་ཞིབ་ཕྲ་བྱ་རྒྱུའི་རེ་བ་བྱེད་པ། བཞི་ནི། རྒྱལ་ཁབ་ཀྱིས་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དུ་རང་ཚུགས་ཀྱི་ཆེད་ལས་བྱིས་པའི་སྨན་ཁང་རེ་འཛུགས་རྒྱུའི་རེ་བ་བྱེད་པ་བཅས་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།