མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༣ཚེས་༡༤ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་དགོས་ཞེས་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། སྤྱི་ཟླ་༣ཚེས་༡༣ཉིན་གྱི་སྔ་དྲོ། སྐབས་༡༣པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་གསལ་བཤད་གསན་ཡོད་པ་དང་ཇུས་གཞིའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་དང་ལས་ཁུངས་གཞན་དག་ལ་ལེགས་སྒྲིག་ཆུང་ཆེན་པོ་བྱས་ཤིང་པུའུ་རིམ་པ་རྒན་པའི་ལས་ཁུངས་༨དང་པུའུ་རིམ་པ་གཞོན་པའི་ལས་ཁུངས་༧ཉུང་དུ་བཏང་བ། ལས་ཁུངས་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་བྱེད་རྒྱུ་ལེགས་སུ་བཏང་བ། འགན་འཁྲིའི་འབྲེལ་བ་ལེགས་སྒྱུར་བཅས་བྱས་ཡོད་པ་རེད། སྒྱུར་བཅོས་དེ་དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམས་ཡོད་པ་དང་གོང་འཕེལ་དགོས་མཁོ་དང་གཞི་རིམ་གྱི་རེ་བ། དམངས་སེམས་ཕྱོགས་ས་བཅས་ལ་དོ་ཁུར་བྱས་ཡོད་ཅིང་དེ་ནི་ཞབས་ཞུའི་རྣམ་པའི་སྲིད་གཞུང་འཛུགས་རྒྱུ་དང་མི་དམངས་ལ་ཞབས་འདེགས་སྔར་ལས་ལྷག་པ་ཞུས་ནས་མི་དམངས་བློ་ཡིད་སྔར་ལས་ཚིམ་པ་བྱེད་ཆེད་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།