མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པའི་རྩོམ་ཡིག
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༤ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་་མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བྱེད་རྒྱུ་བཅས་དམ་ཚགས་གཅིག་གྱུར་བྱེད་ཅེས་པའི་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་གལ་ཆེའི་དོན་སྙིང་གླེང་ཐེངས་གཉིས་པ་ཞེས་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཏང་གི་འགོ་ཁྲིད་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་གི་རྩ་བའི་འགན་ལེན་ཡིན་པ་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་རྩ་བའི་ཁྱད་ཆོས་ཡིན་པ། ཁྲིམས་ལྟར་རྒྱལ་སྐྱོང་བྱེད་རྒྱུ་ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱ་ཐབས་ཞིག་ཡིན་ཅིང་གསུམ་པོ་དེ་དག་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་རླབས་ཆེན་དོན་དངོས་ནང་གཅིག་གྱུར་བྱེད་དགོས་ཀྱི་ཡོད།

སྐབས་༡༣པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་འཕེན་ཤོག་མང་པོའི་ཐོག་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་ཅད་ནས་གྲོས་འཆམ་བྱུང་ཡོད། མཇུག་འབྲས་དེའི་ཐོག་ནས་ཏང་གི་འགོ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གསུམ་དམ་ཚགས་གཅིག་གྱུར་ཡིན་པ་གང་ལེགས་མངོན་ཡོད་པ་དང་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་བློ་སྟོབས་དམ་ཚགས་གཅིག་གྱུར་ཡིན་པ་བཅས་གང་ལེགས་མངོན་ཡོད་པས་རྩ་ཁྲིམས་དུས་བསྟུན་མཉམ་སྐྱོད་དང་འཐུས་ཚང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་དུས་རབས་གསར་པར་རྒྱལ་སྐྱོང་དམངས་ཕན་གྱི་སྤྱིའི་སྒྲིག་ཡིག་གི་རྩ་བའི་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་རྒྱ་ཁྱབ་དང་སྒྲིག་འཛུགས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་བྱེད་རྒྱུར་གལ་ཆེ་ལ་རྒྱང་རིང་གི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།