ཀྲུང་དབྱང་འགོ་ཁྲིད་བློ་མཐུན་ནས་བློ་མཐུན་རྒན་གྲས་ལ་གཟིགས་པ།
སྤེལ་བའི་དུས་ཚོད། : 2018-02-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཁག་སོ་སོར་སྐུ་དངོས་སུ་གཟིགས་པར་ཕེབས་པའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་མངག་གཏོང་གནང་ནས་བློ་མཐུན་ཅང་ཙེ་རྨིན་དང་། ཧུའུ་ཅིང་ཐའོ། ལི་ཕེང་། ཀྲུའུ་རུང་ཅི། ལི་རེའུ་ཧོན། ཝུ་པང་ཀུའོ། ཝུན་ཅ་བའོ། ཅ་ཆིང་ལིན། སུང་ཕིང་། ལི་ལན་ཆིན། ཙེ་ཆིང་ཧུང་། ཝུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ལོ་ཀན། ཧེ་ཀུའོ་ཆང་། ལའུ་ཡུན་ཧྲན། ཐན་ཅི་ཡུན། ཁྲི་ཧའོ་ཐན། ཅང་ཁྲུན་ཡུན། ཝང་ལི་ཆོན། ཝང་ཀྲའོ་ཀུའོ། ཧོའུ་ལེའང་ཡུས། ལེའུ་ཆི། ཝུ་དབྱི། ཚའོ་ཀན་ཁྲོན། ཙེ་ཕེ་ཡན། ཝང་ཀང་། མེང་ཅན་ཀྲུའུ། ཀུའོ་ཅིན་ལུང་། ཝང་ཧན་ཆོན། ཧོ་ཡུང་། ཀྲོའོ་ཧུང་ཀྲུའུ། ཝང་པེང་ཆན། ཙུའུ་ཅ་ཧྭ། ཝང་ཀོན་དབྱི། ཐེ་མུར་ཟླ་བ་མེ་ཐེ། ཕེང་ཕེ་ཡུན། ཀྲོའུ་ཀོན་ཀྲའོ། ཚའོ་ཀྲི། ལི་ཐེ་དབྱི། སི་མ་དབྱི་ཨེ་མེ་ཐེ། ཧོ་ལུའུ་ལི། ཏེང་ཧྲི་སུན། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། ཀུའུ་ཞུའུ་ལན། རག་སྡིས། ཧྲེང་ཧྭ་རན། ལུའུ་ཡོང་ཞྭ། ཝུ་ཡུན་ཆི་མུ་ཀེ། ཧྭ་ཅན་མེང་། ཁྲེང་ཀྲི་ལི། ཀྲུའུ་ཐའེ་ནུང་། སི་མ་དབྱི་ཐེ་ལེ་ཝར་ཨེར་ཏི། ཅང་ཧྲུའུ་ཧྲེང་། སང་ཀུའོ་ཝེ། ཐང་ཅ་ཞོན། ལེའང་ཀོན་ལེ། ཏེ་པིང་ཀུའོ། ཞའོ་ཡང་། ཧན་ཧྲུའུ་པེང་། ཅ་ཁྲོན་དབང་། ཡེ་ཞོན་ཕེང་། ཡང་རུའེ་ཏེ། རན་ཅན་ཞིང་། སུང་ཅན། ཆན་ཀྲེང་དབྱིན། སུན་ཧྥུ་ལིན། ཧུའུ་ཆི་ལེ། ཀྲའ་ནན་ཆི། མའོ་ཀྲི་ཡུང་། ཝང་ཀྲུང་ཡུས། ལི་ཀུའེ་ཞན། ཀྲང་སི་ཆིན། ཀྲང་ཁེ་ཧུའེ། ཧའོ་ཅན་ཤུའུ། ཞུས་ཁོན་ཏེ། ཀྲང་ཧའེ་ཞི། ལི་མོང་། ལེའུ་ཧུའེ། པེ་ལི་ཁྲེང་། ཁྲེང་ཁུའེ་ཡོན། ཨ་པུ་ལེ་ཐེ་ཨུཔུ་ཏུའུ་རེ་ཞི་ཐེ། ལི་ཀྲའི་ཀྲོའུ། ཧོན་མེང་ཧྥུ། ཀྲང་མེ་ཡིང་། ཀྲང་རུང་མེང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་ཝན་ཐོང་། ཏེང་ཕུ་ཧྥང་། ལི་ཝུའུ་ཝེ། ཁྲེང་ཙུང་ཞིན། ཝང་ཀྲི་ཀྲེང་སོགས་བློ་མཐུན་རྒན་གྲས་ལ་གཟིགས་ཡོད་པ་དང་། བློ་མཐུན་རྒན་གྲས་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། བློ་མཐུན་རྒན་གྲས་རྣམས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བ་དང་། སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།

བློ་མཐུན་རྒན་གྲས་རྣམས་ཀྱིས་གཟིགས་པར་ཕེབས་པར་མཐུགས་རྗེ་ཆེ་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་གནང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་སྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་གདེང་འཇོག་ཆེན་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པར་སྙིང་དབུས་ནས་བརྩི་བཀུར་ཞུ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད། བློ་མཐུན་རྒན་གྲས་ཚོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་མཐོན་པོར་བསྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། དཔའ་ངར་ཆེན་པོས་སྒྱུར་བཅོས་བྱེད་པ། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཚེ་དགའ།