སྤྱི་ལོ་༢༠༡༨ལོའི་ལོ་མཇུག་ཏུ་ཁྲོམ་གཞུང་གི་འཁྱམ་པོའི་སྣང་ཚུལ་མེད་པ་བཟོ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས། ཙུང་ཐུང་མ་ཁེ་ལུང་གིས་དེའི་གོང་དུ་ཁས་ལེན་གནང་བའི་སྤྱི་ལོ་༢༠༡༨ལོའི་ལོ་མཇུག་ཏུ་ཁྲོམ་གཞུང་གི་འཁྱམ་པོའི་སྣང་ཚུལ་མེད་པ་བཟོ་རྒྱུ་དང་ལྷག་དོན་དུ་ཉེ་དུས་གྲང་ངར་ཆེ་བའི་གནམ་གཤིས་བསྟན་ནས་ཐོན་པའི་སྤྱི་ཚོགས་ཀྱི་རོགས་སྐྱོར་གནད་དོན་ལ་གཞིགས་ནས། ཧྥ་རན་སིའི་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན་མི་སྣས་ཉེ་ཆར་སྲིད་གཞུང་ལ་སྐྱོན་འཛུགས་བྱས་ཡོད་པ་དང་འཁྱམ་པོའི་གྲངས་འབོར་དམིགས་སུ་བཀར་ནས་ཉུང་དུ་གཏོང་བཟོ་ཡོད་པ་དང་རྒྱལ་དོན་དྲུང་ཡིག་གིས་སྐད་ཆ་བཤད་ནས་དོན་དེའི་སྐོར་གསལ་བཤད་བྱས་ཡོད་པ་རེད། ཧྥ་རན་སི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བའི་ནང་། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༡ཉིན། སྤྱི་ཚོགས་མཐུན་སྒྲིལ་བྱ་སྤྱོད་པའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཅ་སློ་ཝ་ཡིས་ཐ་ཚིག་བཏང་བའི་ནང་། ཁས་ལེན་དེ་སྲིད་འཛིན་སྡེ་ཁག་ནང་ཆབ་སྲིད་བསམ་ཕྱོགས་ཞིག་ཐོན་བཟོ་ཡོད་པ་སྟེ་གོང་རིམ་དང་མཐུན་ཐབས་བྱེད་ཆེད་ཁྲོམ་གཞུང་གི་ཆགས་ས་རྟེན་ས་མེད་མཁན་ཚོའི་གྲངས་འབོར་དམིགས་སུ་བཀར་ནས་ཉུང་དུ་འགྲོ་རྒྱུ་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།