མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་གིས་རྒྱུད་གཅིག་ལམ་གཅིག་གིས་མ་ཀྲུང་མཉམ་ལས་ལ་གོ་སྐབས་གསར་པ་སྐྲུན་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་མོ་ཧན་མོ་ཏེ་སྐུ་ཐོག་ལྔ་པས། མ་ལེ་ཞི་ཡ་དང་ཀྲུང་གོའི་ཉོ་ཚོང་དང་རྣམ་གྲངས་ཆེན་པོའི་མཉམ་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འབྲས་བུ་གཡུར་ཏུ་ཟ་བ་ཐོབ་པར་དགའ་འཚོར་ཧ་ཅང་ཆེན་པོ་བྱུང་། ཀྲུང་གོའི་ཕྱོགས་ནས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་འགོས་ཀྱང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གོ་སྐབས་གསར་པ་སྤྲད་ཡོད་ཅེས་གསུངས་ཡོད་པ་རེད།

མོ་ཧན་མོ་ཏེ་སྐུ་ཐོག་ལྔ་པ་ནི་མ་ལེ་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་པ་པེ་ཐན་གྱིས་རྒྱལ་ཡིག་དང་ལེན་གནང་སྐབས་གོང་གསལ་བཀའ་མོལ་དེ་གསུངས་ཡོད་པ་དང་པེ་ཐན་གྱིས། ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༤སོང་རིང་ཀྲུང་མ་རྒྱལ་ཁབ་གཉིས་པོས་སྔ་བར་ཕྱི་གསུམ་དུ་མཛའ་གྲོགས་མཉམ་ལས་རྒྱུན་འཁྱོངས་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རིམ་བཞིན་བྱང་ཆུབ་པ་དང་བརྟན་པོ། ཁྱོན་ཡོངས་གོང་འཕེལ་འགྲོ་བ་བཅས་ཀྱི་མགྱོགས་ལམ་ཐོག་སླེབས་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་བདེན་བདེན་གྱི་ཁེ་ཕན་སྐྲུན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།