ཧ་པེ་ཡོང་ཆིང་དུ་ས་ཡོམ་རིམ་པ་4.3བརྒྱབ་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན་གྱི་ཆུ་ཚོད་༡༨དང་སྐར་མ་༣༡ཐོག ཧ་པེ་ཞིང་ཆེན་ཡོང་ཆིང་རྫོང་དུ་ས་ཡོམས་རིམ་པ་4.3བརྒྱབ་པ་དང་། ས་ཡོམ་གཏིང་ཚད་སྤྱི་ལེ་༢༠ཟིན་གྱི་ཡོད། ཧ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དང་པེ་ཅིང་གྲོང་ཁྱེར། ཐན་ཅིན་གྲོང་ཁྱེར་སོགས་སུ་ཚད་གཞི་མི་འདྲ་བའི་ཡོམ་ཚོར་བྱུང་ཡོད། རིག་གཅིག་མཁས་པས། ས་ཡོམ་རྒྱག་ཁུལ་དུ་དེ་བས་ཤུགས་ཆེ་བའི་ས་ཡོམ་རྒྱག་བཟོ་མེད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། ཞིབ་འཇུག་པ་ལིའུ་ཀུའེ་ཕིང་གིས། ད་རེས་ཀྱི་ས་ཡོམ་དེ་ཧ་པེ་ཞིང་ཆེན་གྱི་ཧ་ཞི་ཝུ་ཡི་གས་སྲུབས་ཞིག་གི་ཐོག་རྒྱབ་ཡོད། གས་སྲུབས་ཀྱི་གཞི་ཁྱོན་ཅུང་ཆུང་ཆུང་ཡིན་པས། ས་ཡོམ་ཤུགས་ཆེན་པོ་རྒྱག་བཟོ་མེད་ཅེས་བསྟན་ཡོད་པ་རེད།

ས་ཡོམ་རྒྱབ་རྗེས། སྤྱི་ཟླ་༢པའི་ཚེས་༡༢ཉིན་གྱི་ཆུ་ཚོད་༢༡དང་སྐར་མ་༢༠བར་སླེབས་སྐབས། ཡོམ་ལྷག་ཐེངས་༢༤རྒྱབ་ཡོད། ཡོམ་ལྷག་གི་ཤུགས་ཚད་ཆེ་ཤོས་ནི་རིམ་པ་1.8ཡིན་པ་རེད། སྤྱི་ལོ་1900ལོ་ནས་བཟུང་། ད་རེས་ཀྱི་ས་ཡོམ་རྒྱག་སའི་བར་ཐག་སྤྱི་ལེ་50ཡི་ཁྱབ་ཁོངས་ནང་རིམ་པ་༥ཡན་གྱི་ས་ཡོམ་རྒྱག་མྱོང་མེད་པ་རེད། སྤྱི་ལོ་1970ལོ་ནས་བཟུང་། ས་ཡོམ་རྒྱག་སའི་སྤྱི་ལེ་50ཡི་ཁྱབ་ཁོངས་ནང་གི་ས་ཡོམ་མང་ཆེ་བ་ནི་ཡོམ་ལྷག་རིམ་པ་དེ་ས་ཡོམ་གྱི་རིམ་པ་ལས་མངོན་གསལ་དོད་པོས་དམའ་བ་ཡོད་པ་རེད། ལིའུ་ཀུའེ་ཕིང་གིས། གྲོས་མོལ་བྱས་པ་བརྒྱུད། ས་ཡོམ་རྒྱག་ཁུལ་དུ་དེ་བས་ཤུགས་ཆེ་བའི་ས་ཡོམ་རྒྱག་བཟོ་མེད་པའི་ངོས་འཛིན་བྱས་ཡོད། འོན་ཀྱང་། ཡོམ་ལྷག་ཡོང་བཟོ་ཡོད་པས། ཡོམ་ཚོར་ཆུང་ངུ་ཡོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།