ཀྲུང་གོ་དངུལ་ཁང་གིས་ན་ནིང་རང་རྒྱལ་གྱི་སྒྲ་ཡངས་འཇུག་གི་དངུལ་ལོར་དུས་མཚུངས་ལས་བརྒྱ་ཆ་བརྒྱད་དང་གྲངས་ཆུང་གཉིས་འཕར་ཏེ་སླར་ཡང་ཆགས་ཡོད་ཅེས་བསྟན།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཉིས་ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དངུལ་རྩའི་སྡོམ་རྩིས་གྲངས་གཞི་ལས་གསལ་བར། སྤྱི་ལོ་༢༠༡༧ལོར་རང་རྒྱལ་གྱི་སྒྲ་ཡངས་འཇུག་གི་དངུལ་ལོར་དུས་མཚུངས་ལས་བརྒྱ་ཆ་བརྒྱད་དང་གྲངས་ཆུང་གཉིས་འཕར་ནས་ཆགས་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། ཀྲུང་གོ་དངུལ་ཁང་བརྟག་དཔྱད་སྡོམ་རྩིས་སིའི་སི་ཀྲང་རོན་ཅན་ཧུང་གིས། དེ་སྔ་ལས་ཅུང་ཚད་ཆགས་པའི་སྒྲ་ཡངས་འཇུག་དངུལ་ལོར་གྱི་འཕར་ཚད་རྒྱུན་རྣམ་གསར་པར་འགྱུར་བཟོ་ཡོད་པ་དང་གང་དེའི་འགྱུར་བར་ཚད་ལས་འདས་པའི་དོ་ཁུར་དང་གསལ་འགྲེལ་བྱེད་དགོས་མེད་ཅེས་གསུངས་ཡོད།

ཀྲུང་གོ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་གསལ་བར། སྤྱི་ལོ་༢༠༡༧ལོར་སྤྱི་ཚོགས་དངུལ་རྩའི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་བཅུ་དགུ་དང་བཞི་སྟོང་བཞི་བརྒྱ་ཟིན་པ་དེ་ན་ནིང་ལས་སྒོར་དུང་ཕྱུར་ཆིག་ཁྲི་དྲུག་སྟོང་སུམ་བརྒྱས་མང་བ་ཡོད། སྤྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་བར། རང་རྒྱལ་གྱི་སྒྲ་ཡངས་འཇུག་དངུལ་ལོར་གྱི་དངུལ་ལྷག་མ་སྒོར་དུང་ཕྱུར་ཁྲི་བརྒྱ་དང་དྲུག་ཅུ་རེ་བདུན་དང་དྲུག་སྟོང་བརྒྱད་བརྒྱ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་བརྒྱད་དང་གྲངས་ཆུང་གཉིས་འཕར་ཡོད། འཕར་ཚད་དེ་ཟླ་བ་བཅུ་གཅིག་པ་དང་ལོ་གོང་མའི་དུས་མཚམས་ལས་ཁག་སོ་སོར་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་དགུ་དང་བརྒྱ་ཆའི་གནས་གསུམ་དང་གྲངས་ཆུང་གཅིག་ཆགས་ཡོད། ཀྲུང་གོ་དངུལ་ཁང་གི་བརྟག་དཔྱད་སྡོམ་རྩིས་སིའི་སི་ཀྲང་རོན་ཅན་ཧུང་གིས། དེའི་ཐོག་ནས་བུན་ཟུག་ཉུང་གཏོང་དང་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་སོང་བའི་རྒྱབ་ལྗོངས་འོག དངུལ་ཁང་གི་མ་དངུལ་འཁོར་རྒྱུག་བྱེད་ཚད་དེ་བས་ཚད་ལྡན་ཅན་དུ་སོང་བ་དང་དངུལ་རྩའི་ཚན་པའི་ནང་ཁུལ་གྱི་མ་དངུལ་འཁོར་རྒྱུག་བྱེད་ཚད་ཉུང་དུ་སོང་བ་མཚོན་ཐུབ། སྤྱི་ཡོངས་ནས་བལྟས་ན། དངུལ་རྩའི་ཚན་པ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་ཕན་ཐོག་ཡོད་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་ཆུང་གཏོང་དང་མ་དངུལ་སྦྲེལ་ཐག་ཐུང་དུ་གཏོང་རྒྱུར་ཕན་ཐོག་ཡོད། འོན་ཀྱང་དངོས་གཟུག་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་བཟོ་མི་སྲིད། བུན་ཟུག་ཉུང་གཏོང་བྱེད་ཚད་ཟབ་ཏུ་སོང་བ་དང་དངུལ་རྩས་སླར་ཡང་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་དང་བསྟུན། དེ་སྔ་ལས་ཅུང་ཚད་ཆགས་པའི་སྒྲ་ཡངས་འཇུག་དངུལ་ལོར་གྱི་འཕར་ཚད་དེ་རྒྱུན་རྣམ་གསར་པར་འགྱུར་བཟོ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།