རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་བཅོས་ཡོ་བྱད་དྲ་ཐོག་བྲིན་འཚོང་ལ་ལྟ་སྐུལ་དོ་དམ་ཚད་ལྡན་བཟོ་རྒྱུ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་བཅོས་ཡོ་བྱད་ལྟ་སྐུལ་སེའི་སེ་ཀྲང་གཞོན་པ་ཝང་ཧྲུའུ་ཚེས་སྤྱི་ཚེས་༡༠ཉིན་གསར་འགྱུར་ཟུར་གསལ་ཚོགས་འདུའི་ཐོག སྨན་བཅོས་ཡོ་བྱད་དྲ་ཐོག་བྲིན་འཚོང་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ་ཚད་ལྡན་བཟོ་རྒྱུ་དང་། ༼དྲ་ཐོག་དང་དྲ་འོག་གཅིག་གྱུར་༽གྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ། གྲོགས་ཚོམས་སོགས་བརྒྱུད་དེ་སྨན་བཅོས་ཡོ་བྱད་འཚོང་བ་སྒྲིག་འགལ་ཡིན་པ་བཅས་བསྟན་འདུག

༼དྲ་སྦྲེལ་ཐོག་སྣོན་༽གྱི་བྱ་སྤྱོད་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བ་དང་བསྟུན། སྨན་བཅོས་ཡོ་བྱད་དྲ་ཐོག་ཏུ་འཚོང་རྒྱུ་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྨན་བཅོས་ཡོ་བྱད་ལྟ་སྐུལ་སེའི་སེ་ཀྲང་གཞོན་པ་ཝང་ཧྲུའུ་ཚེས། གཟུགས་མེད་མིག་ཤེལ་དང་། གློག་རྡུལ་ཁྲག་ཤེད་བརྟག་ཆས་སོགས་སྨན་བཅོས་ཡོ་བྱད་དྲ་ཐོག་འཚོང་བ་དེས་སྤྱི་དམངས་ལ་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག ཐོ་འགོད་མ་བྱས་པའི་སྨན་བཅོས་ཡོ་བྱད་དྲ་ཐོག་ཏུ་བྲིན་འཚོང་བྱས་པ་དང་། ཕན་ནུས་འུད་སྒྲོག་བྱས་པ། འཛད་སྤྱོད་པར་མགོ་སྐོར་བཏང་བ་སོགས་ཀྱི་སྣང་ཚུལ་མི་ཉུང་བ་ཞིག་ཀྱང་ཐོན་བཞིན་པ་བསྟན་ཡོད།

ཝང་ཧྲུའུ་ཚེས། ཁེ་ལས་ཁག་ཅིག་གིས་དྲ་ཚིགས་དང་། APPམཐའ་སྣེ་སོགས་བེད་སྤྱད་དེ་ཐོ་འགོད་བྱས་མེད་པའི་སྨན་བཅོས་ཡོ་བྱད་ཁག་ཅིག་་འཚོང་གི་ཡོད། དེའི་ཁྲོད་ཅུང་མངོན་གསལ་འདོད་པའི་ཚོང་ཟོག་ནི་གཟུགས་མེད་མིག་ཤེལ་དང་། སྨན་ཁག་ཏུ་སྤྱོད་པའི་དྭངས་གསལ་ཅན་གྱི་སྐྱུར་ནྰའི་དངོས་རྫས་སོགས་ཡིན། ཐོ་འགོད་བྱས་མེད་པའི་སྨན་བཅོས་ཡོ་བྱད་རྫུན་མ་དེ་ཚོས་མང་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་ཅེས་བཤད་ཡོད་པ་རེད།

དོན་དེའི་ཐད། རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཉེ་དུས་༼སྨན་བཅོས་ཡོ་བྱད་དྲ་ཐོག་བྲིན་འཚོང་ལྟ་སྐུལ་དོ་དམ་བྱ་ཐབས་༽ཞེས་པ་བཏོན་ནས་ཚད་ལྡན་བཟོས་པ་དང་། ༼དྲ་ཐོག་དྲ་འོག་གཅིག་གྱུར་༽གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཡོད་པ་སྟེ། དྲ་ཐོག་ཏུ་སྨན་བཅོས་ཡོ་བྱད་འཚོང་མཁན་ལ་ངེས་པར་དུ་དྲ་འོག་གི་དངོས་གཟུགས་ཁེ་ལས་ཡོད་དགོས་པ་གཏན་འབེབ་བྱས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།