ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིབ་སྡུར་འཛིན་གྲྭའི་ཟུར་བྲིས།
སྤེལ་བའི་དུས་ཚོད། : 2018-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནང་གསར་སྣོན་བྱུང་བའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཞིབ་སྡུར་འཛིན་གྲྭའི་ཟུར་བྲིས།

སྤྱི་ཟླ་༡ཚེས་༥ཉིན་ནས་༨ཉིན་བར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་སྣོན་བྱུང་བའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཞིབ་སྡུར་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་གཉེར་ཡོད་པ་རེད། སྤྱི་ཚེས་༥ཉིན་གྱི་སྔ་དྲོ་འཛིན་གྲྭ་འགོ་ཚུགས་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་འདུ་ཤེས་ཆེ་རུ་གཏོང་བ་དང་ཉེན་ཁའི་འགྲན་རྩོད་ལ་དོགས་ཟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་གལ་ཆེའི་གནད་དོན་རྒྱས་བཤད་གཏིང་ཟབ་གནང་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དེ་ཞིབ་སྡུར་འཛིན་གྲྭའི་སློབ་མའི་ཁྲོད་དུ་ལན་ཆ་ཆེན་པོ་བྱུང་ཞིང་གསུང་བཤད་ཉན་པ་དང་རང་སྦྱོང་བྱས་པ། ཚོགས་ཆུང་ཁག་བགོས་ཀྱི་གྲོས་སྡུར་བྱས་པ། འཛིན་གྲྭ་ཡོངས་སུ་སྤེལ་རེས་བཅས་བྱས་པ་བརྒྱུད་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་སྣོན་བྱུང་བའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་ལས་ཁུངས་ཆེ་གྲས་ཁག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུག་འདུན་མངོན་འགྱུར་ཡོང་བ་བྱེད་པའི་སེམས་ཤུགས་དང་གཏིང་ཟུགས་ཆེ་རུ་སོང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་གལ་ཆེའི་གསུང་བཤད་ལ་གཞིགས་ནས་སློབ་མ་ཚོ་ཚོགས་ཆུང་ཁག་༡༨ལ་དབྱེ་ནས་གྲོས་སྡུར་དང་སྤེལ་རེས་བྱས་པ་དང་རང་ངོས་ཀྱི་དོན་དངོས་དང་ཟུང་སྦྲེལ་བྱས་ནས་མྱོང་ཚོར་གླེང་བ་དང་ངོས་འཛིན་གླེང་རེས་བྱས་ཡོད་པ་དང་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཁག་ཅིག་ཀྱང་སློབ་མ་ཚོའི་གྲོས་སྡུར་དང་སྤེལ་རེས་ནང་ཞུགས་ཡོད་པ་རེད།

སྒྲིག་བཤེར་དང་ལྟ་ཞིབ་ཁོངས་གཏོགས་ནས་ཡིན་པའི་སློབ་མ་ཞིག་གིས། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར། སྤྱི་ཚོགས་ཀྱི་གསར་བརྗེ་ཞིག་ལ་མཐའ་མའི་རྒྱལ་ཁ་ཐོབ་དགོས་ན་དེར་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཞིག་བརྒྱུད་དགོས་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ཟག་ཡོང་བ་ཞིག་མ་ཡིན་པར་དེ་ནི་ཏང་དང་མི་དམངས་ཀྱིས་དཀའ་ངལ་དུ་མ་ཁྱད་བསད་དང་རིན་དོད་སྣ་ཚོགས་བློས་གཏོང་བྱས་ནས་བྱུང་བའི་རྩ་ཆེའི་གྲུབ་འབྲས་ཡིན་པ་དང་གྲུབ་འབྲས་དེ་ལས་སླ་པོས་བྱུང་བ་ཞིག་གཏན་ནས་མིན་པས་ངེས་པར་དུ་གཅེས་འཛིན་ལྡབ་འགྱུར་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ནུབ་རྒྱུད་ས་ཁུལ་ནས་ཡིན་པའི་སློབ་མ་ཞིག་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད་པས། དེ་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རང་བཞིན་དང་། ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་ཡིན། ང་ཚོས་ངེས་པར་དུ་གདེང་ཚོད་བཞི་སྔར་བས་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་བླངས་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་དད་སེམས་བརྟན་པོ་འཛུགས་ཏེ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་གསར་པའི་ཆེད་ལོ་རྒྱུས་ཀྱི་ལེགས་སྐྱེས་སྔར་བས་མང་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཚང་མས་མགྲིན་གཅིག་ཏུ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། ཡུན་རིང་བདེ་འཁོད་ཡོང་བར། ཏང་ཡོངས་ཀྱི་བློ་མཐུན་ནས་ངེས་པར་དུ་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་དཔའ་ངར་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་ངོ་97རིང་གི་རླབས་ཆེའི་སྤྱི་ཚོགས་གསར་བརྗེ་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཕོད་པ་བྱེད་པ། རྒྱལ་ཁ་ཐོབ་པའི་དབང་གིས་སྤོབ་པ་གཏན་ནས་བྱེད་མི་རུང་ལ། གྲུབ་འབྲས་ཐོབ་པའི་དབང་གིས་ལྷོད་གཡེང་གཏན་ནས་གཏོང་མི་རུང་བ། དཀའ་ངལ་འཕྲད་པའི་དབང་གིས་ཕྱིར་བཞོལ་གཏན་ནས་བྱེད་མི་རུང་བར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་སྔར་བས་སྟོབས་ཆེ་བ་དང་། སྔར་བས་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བདེན་དོན་གྱི་སྟོབས་ཤུགས་མངོན་རྒྱུར་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་བྱས་ཡོད་པ་རེད།

དུས་ཡུན་ཉིན་བཞིའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་མཇུག་སྒྲིལ་ནས། ལམ་བུ་གསར་པ་ཞིག་གི་ཐོག་སྐྱོད་འགོ་ཚུགས་ཡོད། སློབ་མ་རྣམས་ནས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་སེམས་ཤུགས་དེ་བས་བརྟན་པའི་ཐོག་ནས་རང་སོའི་ལས་གནས་ཐོག་བསྐྱོད་པ་དང་། གྲུབ་འབྲས་གསར་པའི་ཐོག་ནས་རྣམ་པ་གསར་པ་མངོན་པ་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ། རང་རེའི་ཏང་གིས་གཏན་འཁེལ་བྱས་པའི་རླབས་ཆེའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ་དང་མཚམས་གཅོད།