ཕྱི་འབྲེལ་པུའི་མགྲིན་ཚབ་པས་འདོད་བློ་ཡོད་མཁན་རྒྱལ་ཁབ་ཡོད་ཚད་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གང་ཧྲོང་གིས། ཀྲུང་གོའི་ཕྱོགས་ནས་ཉེ་ལམ་ལོ་ཤས་རིང་ལྗར་པན་རྒྱལ་ནང་ལས་རིགས་ཁག་གིས་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ནང་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད་པར་དོ་སྣང་བྱུང་བ་དང་འདོད་བློ་མཐུན་པའི་རྒྱལ་ཁབ་ཡོད་ཚད་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་འདུག

གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༥ཉིན་ཀྲུང་གོ་དང་ལྗར་པན་གྱི་ཁེ་ལས་མཁས་ཅན་དང་དེ་སྔའི་དཔོན་རིགས་ཀྱི་སྐད་ཆ་ཤོད་རེས་ཚོགས་འདུ་ཐེངས་གསུམ་པ་དེ་ལྗར་པན་དུ་བྱེད་མཇུག་འགྲིལ་ཡོད། གྲོས་ཚོགས་ཐོག་སྤེལ་བའི་གསལ་བསྒྲགས་ནང་། རྨང་གཞིའི་སྒྲིག་བཀོད་གསར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན་པས་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ཐད་མཉམ་ལས་དམ་ཟབ་བྱེད་རྒྱུའི་རེ་འབོད་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་དོན་དེར་དཔྱད་གཏམ་གང་ཞིག་སྤེལ་གྱི་ཡོད་དམ་ཞེས་དྲིས་སྐབས།

གང་ཧྲོང་གིས། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ལྗར་པན་གྱི་ཁེ་ལས་མཁས་པ་དང་དེ་སྔའི་དཔོན་རིགས་ཀྱི་སྐད་ཆ་ཤོད་རེས་ཚོགས་འདུའི་ཐོག་སྤེལ་བའི་གསལ་བསྒྲགས་ལ་དོ་སྣང་བྱུང་ཡོད་ལ་ཉེ་ལམ་ལྗར་པར་རྒྱལ་ནང་ཀྱི་ལས་རིགས་ཁག་གིས་རྒྱུད་གཅིག་ལམ་གཅིག་གྲོས་འགོའི་ནང་ཞུགས་རྒྱུའི་བསམ་འདུན་ཆེན་པོ་ཡོད་པར་ཡང་དོ་སྣང་བྱུང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་སྒོ་དབྱེ་དང་ཁོག་ཡངས་ལྡན་པའི་གྲོས་འགོ་ཞིག་ཡིན་པས་འདོད་བློ་ཡོད་མཁན་གྱི་རྒྱལ་ཁབ་ཡོད་ཚད་དེའི་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་གི་ཡོད་ཅེས་གསུངས་འདུག

ཁོང་གིས། ཀྲུང་གོའི་ཕྱོགས་ནས་ལྗར་པན་ཚུད་པའི་ཕྱོགས་ཁག་དང་མཉམ་དུ་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་མཉམ་དུ་སྐུལ་འདེད་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་གོང་འཕེལ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་ཆེད་བར་ཁམས་སྔར་བས་ཆེ་བ་བཏོད་རྒྱུ་དང་གོ་སྐབས་སྔར་ལས་མང་བ་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།