དམངས་གཉེར་ཁེ་ལས་དམག་གཉེར་ཁེ་ལས་ནང་ཞུགས་པའི་ཁེ་ལས་ཀྱི་གྲངས་འབོར་མང་དུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བྱང་སྐར་སྤུན་བདུན་གསུམ་པ་རྟགས་ཅན་གྱི་སྲུང་སྐར་འཛམ་གླིང་ཡོངས་སུ་དྲ་བ་བཙུགས་ཟིན་པ་དང་རྒྱལ་ཐོན་གནམ་གྲུ་ཆེན་པོ་C༩༡༩ཐེངས་དང་པོ་འཕུར་རྒྱུ་ལེགས་གྲུབ་བྱུང་བ། ཧྭ་ལུང་རྟགས་ཅན་དང་པོའི་རྡུལ་ཉིང་གློག་གི་ལག་རྩལ་མདུན་གྲལ་དུ་སླེབས་ཡོད་པ་རེད། གསར་འགོད་པས་སྤྱི་ཚེས་༦ཉིན་རྒྱལ་ཁབ་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུད་ནས་ཤེས་རྟོགས་བྱས་པར། ཉེ་ལམ་ལོ་ཤས་རིང་རང་རྒྱལ་གྱི་དམག་དམངས་ལག་རྩལ་དང་ཐོན་རྫས་འབོར་ཆེན་ཞིག་ཁ་ཕྱོགས་གཉིས་སུ་མཉམ་སྒུལ་བྱུང་བ་དང་དམངས་ཁྲོད་ཁེ་ལས་དམག་གཉེར་ཁེ་ལས་ནང་ཞུགས་རྒྱུ་ཐེམ་སྐས་གསར་པ་ཞིག་གི་ཐོག་འཛེགས་ཤིང་རང་རྒྱལ་དུ་གོ་ཚོན་སྒྲིག་ཆས་ཚན་ཞིབ་ཐོན་སྐྱེད་ཆོག་མཐུས་ལག་འཁྱེར་ཐོབ་པའི་ཁེ་ལས་གཙོ་བོའི་ནང་དམངས་གཉེར་ཁེ་ལས་ཀྱིས་གསུམ་ཆ་གཉིས་ཡན་བཟུང་དགོས་པ་དང་དམངས་གཉེར་ཁེ་ལས་དམག་གཉེར་ཁེ་ལས་ནང་ཞུགས་པའི་གྲངས་འབོར་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད་པ་རེད།

རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུད་ཀྱི་བཟོ་སྐྲུན་དབུ་ཆེན་ལུང་ཧུང་ཧྲན་གྱིས་ངོ་སྤྲོད་གནང་བར། མིག་སྔར་དམངས་གཉེར་ཁེ་ལས་དམག་གཉེར་ཁེ་ལས་ནང་ཞུགས་པའི་ཁེ་ལས་ཀྱིས་ཁུར་བའི་ལས་འགན་གྱི་ཁྱབ་ཁོངས་དང་བང་རིམ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད་པ་དང་དེ་སྔ་དམངས་གཉེར་ཁེ་ལས་ཀྱིས་སྤྱིར་བཏང་གི་ཆ་སྦྱོར་ཐོན་རྫས་མ་གཏོགས་ཐོན་སྐྱེད་བྱེད་ཀྱི་མེད་པ། ད་ཆ་མ་ལག་རིམ་སྤར་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཡོངས་ལས་འགན་ཁུར་འགོ་ཚུགས་ཡོད་ཅིང་དམངས་གཉེར་ཁེ་ལས་ཀྱིས་ཆེས་ཆུང་གྲས་དང་མི་མེད་མ་ལག སྣ་མི་སོགས་མདུན་གྲལ་ཁྱབ་ཁོངས་ནང་དུ་ཡང་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད།

ལུང་ཧུང་ཧྲན་གྱིས། མིག་སྔར་རང་རྒྱལ་དམག་དོན་བཟོ་ལས་ཚོགས་པ་ཀུང་སིའི་དམག་དམངས་ཐོན་རྫས་ཀྱི་བསྡུར་ཚད་ནི་གསུམ་སྡུར་བདུན་ཡིན་པ་དང་དམག་དོན་ཐོན་རྫས་ཀྱིས་བརྒྱ་ཆུ་སུམ་ཅུ་བཟུང་བ་དང་དམངས་སྤྱོད་ཐོན་རྫས་ཀྱིས་བརྒྱ་ཆ་བདུན་ཅུ་བཟུང་ཡོད་པ་དང་དམངས་སྤྱོད་ཐོན་རྫས་བརྒྱ་ཆ་བདུན་ཅུའི་ནང་དམག་དོན་བཟོ་ལས་མཐོ་རིམ་ལག་རྩལ་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་ཀྱང་རིམ་བཞིན་མཐོ་རུ་ཕྱིན་ནས་བརྒྱ་ཆ་༥༠ལས་བརྒལ་ཡོད་པ་དང་མ་འོངས་པའི་གོང་འཕེལ་དམིགས་འབེན་ནི་བསྡུར་ཚད་དེ་དམག་དོན་བཟོ་ལས་དཔལ་འབྱོར་ཧྲིལ་པོའི་སྤྱི་འབོར་གྱི་བརྒྱ་ཆ་༥༠བར་མཐོ་རུ་འགྲོ་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།