ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་སློབ་སྦྱོང་ཞིབ་བསྡུར་འཛིན་གྲྭ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གདོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གཅིག་བསྡུས་རེས་མོས་སྦྱོང་བརྡར་གྱི་དུས་མཚམས་དང་པོའི་ཞིབ་བསྡུར་འཛིན་གྲྭ་སྤྱི་ཚེས་༦ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭར་འགོ་ཚུགས་ཡོད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་འཛུགས་མཛད་སྒོར་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད། ཁོང་གིས། འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བསམ་བློའི་རང་འགུལ་དང་བྱ་སྤྱོད་རང་འགུལ་ཤུགས་ཆེར་གཏོང་བ་དང་། སློབ་སྦྱོང་བྱེད་ཐུབ་པ་དང་ཤེས་རྟོག་ཐུབ་པ། ལག་ལེན་བསྟར་ཐུབ་པ་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་། མིག་དཔེ་འདོན་པ། འདུ་ཤེས་བཞི་ཞེས་པ་བརྟན་པོ་འཛུགས་པ། ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་འགྲོ་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་སྒྱུར་བྱེད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེའི་རྒྱལ་ཁ་ཐོབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། དབང་འདུས།