ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་དྲིལ་བསྒྲགས་ངོ་སྤྲོད་ཚོགས་པས་སུས་ཙེར་དུ་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་སྐོང་ཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༢པའི་ཚེས་༥ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ལི་ཧྲུའུ་ལའེ་ཡིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ངོ་སྤྲོད་བྱེད་པའི་ཚོགས་པའི་སྣེ་ཁྲིད་དེ་སུས་ཙེར་གྱི་བོའར་ཉིར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་སྐོང་ཚོགས་གནང་ཡོད། སུས་ཙེར་སྲིད་གཞུང་དང་གྲོས་ཚོགས་ཁང་། བཟོ་ཚོང་ལས་རིགས། རིག་མཛོད། དམངས་ཁྲོད་ཚོགས་པ། གསར་འགྱུར་ཚན་པ་སོགས་ལས་རིགས་ཁག་གི་འཐུས་མི་བརྒྱ་ལྷག་ཙམ་གྲོས་ཚོགས་ལ་ཞུགས་ཡོད། ལི་ཧྲུའུ་ལའེ་ཡིས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་དྲིལ་བསྒྲགས་ངོ་སྤྲོད་གནང་སྟེ། ལོ་ལྔའི་ཚུན་དུ་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་འགན་ཟླ་གཙོ་བོར་འགྱུར་བ་བྱུང་བ་ངོ་སྤྲོད་གནང་བ། གཙོ་གནད་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་རྒྱས་བཤད་གནང་བ་དང་། ཀྲུང་གོའི་འགྲོ་ལམ་དང་ཀྲུང་གོའི་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས། རིག་གནས་ཀྱི་འབྱུང་རྩ་དང་དོན་དངོས་ཀྱི་རྨང་གཞི་བཅས་ལ་དབྱེ་ཞིབ་གནང་ཡོད། དེ་རྗེས་ལི་ཧྲུའུ་ལའེ་ཡིས་སུས་ཙེར་ཕྱོགས་ཀྱི་སྐུ་ཚབ་དང་སྤེལ་རེས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།