སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་འཚོགས་མཇུག་སྒྲིལ་བ་དང་། རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་བྱུང་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དུས་ཡུན་ཉིན་གསུམ་ཡིན་པའི་སྐབས་བཞི་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དེ་སྤྱི་ཚེས་༥ཉིན་ཀྲེ་ཅང་ཨུ་ཀྲེན་དུ་འཚོགས་མཇུག་སྒྲིལ་ཡོད་པ་རེད། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་གང་བསམ་ལྷུག་གླེང་གནང་བ་དང་། མང་གྲོས་བློ་བསྡུ་གནང་བས། རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་བྱུང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད།

སྤྱི་ལོ་༢༠༡༦ལོར། ཀྲུང་གོའི་གྲངས་གཞིའི་དཔལ་འབྱོར་གྱི་གཞི་ཁྱོན་སྤྱི་འབོར་དེ་སྒོར་དུང་ཕྱུར་ཉིས་འབུམ་ཉིས་ཁྲི་ལྔ་སྟོང་བརྒྱད་བརྒྱ་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་པ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་༣༠དང་གྲངས་ཆུང་༣ཟིན་ཡོད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རིན་ཞུས་ལིན་གྱིས་ད་ཐེངས་ཨུ་ཀྲེན་དབུ་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་ཐོག རྩེར་སོན་རིག་མཛོད་གླེང་སྟེགས་ཐོག ཨ་རིའི་གྲགས་ཅན་རིག་གནས་པ་གཡོས་སེ་ཧྥུ་ ནེས། དྲ་སྦྲེལ་ཡོངས་ཁྱབ་ཐོག་བེད་སྤྱོད་བྱས་པ་ནས་རྩིས་ན། མིའི་རིགས་ཀྱིས་དྲ་སྦྲེལ་བར་ཁམས་ནང་རྒྱལ་སྤྱིའི་མཉམ་ལས་བྱ་རྒྱུར་ཅུང་འཐུས་སྒོ་ཚང་བའི་སྒྲིག་སྲོལ་གྲུབ་པར་ད་དུང་ལོ་༢༠ཡི་དུས་ཚོད་དགོས་ཞེས་གསུངས་ཡོད། ང་ཚོས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་འཚོགས་པ་ནི་དྲ་སྦྲེལ་མཉམ་འཛུགས་མཉམ་སྐྱོང་མཉམ་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་གསུངས་ཡོད་པ་རེད། འདི་ལོ། ཧྭ་ཝེ་3Gpp དང་5Gཚོང་སྤྱོད་བྱ་རྒྱུའི་མ་ལག་དང་། Arm བདེ་འཇགས་སྒྲོམ་གཞི། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་བཅས་སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་ཡོངས་བསྒྲགས་བྱས་ཡོད། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀྲུང་གོའི་དྲ་སྦྲེལ་མཐུན་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཨུ་ཧེ་ཆོན་གྱིས་ལོ་གཉིས་ཀྱི་གྲུབ་འབྲས་འགྱུར་བར་བསྡུར་བ་གནང་ཡོད་པ་དང་། ཁོང་ལ་ཚན་རྩལ་ཡར་རྒྱས་དང་དྲ་སྦྲེལ་བཀོལ་སྤྱོད་གོང་འཕེལ་ཕྱིན་པའི་མྱོང་ཚོར་ཐུབ་ཡོད། ཁོང་གིས། ན་ནིང་གི་ཚོགས་ཆེན་ཐོག་ ཟིལ་ཤུགས་ངོ་མཚར་ཅན་གྱི་ཐེ་ཧུའུ་འོད་ཟེར་རིམ་འདས་རྩིས་རྒྱག་འཕྲུལ་འཁོར་ཞེས་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། འདི་ལོ་ཐིག་གཤིས་མིན་པའི་ས་ཡོམས་ཆེན་མོའི་ལད་ཟློས་སོགས་ཀྱི་ཆུ་ཚད་ལ་རྒྱལ་སྤྱིའི་ནུས་པ་ཆེ་བའི་རྩིས་རྒྱག་ཁྱབ་ཁོངས་ཀྱི་བྱ་དགའ་རིམ་པ་མཐོ་ཤོས་ཏེ། ཀ་ཏེང་ པེར་བྱ་དགའ་ཐོབ་ཡོད། ན་ནིང་ཚོགས་ཆེན་ཐོག ཚད་རྡུལ་འཕྲིན་གཏོང་ལག་རྩལ་ཡོངས་བསྒྲགས་བྱས་ཡོད་པ་དང་། འདི་ལོ་འོད་ཀྱི་གྲངས་རྡུལ་རྩིས་རྒྱག་འཕྲུལ་འཁོར་ཡོངས་བསྒྲགས་བྱས་ཡོད་པས། ཚད་རྡུལ་འཕྲིན་གཏོང་ནས་ཚད་རྡུལ་རྩིས་རྒྱག་བར་ནི་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།