༼ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་༽ཅེས་པའི་བམ་པོ་གཉིས་པའི་རྒྱ་ཡིག་དང་དབྱིན་ཡིག་པར་མ་ཅི་ཏོར་རྒྱལ་སྤྱིའི་དཔེ་དེབ་འགྲེམ་ཚོགས་སུ་སྟོན་པ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།༼ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གླེང་བ་༽ཅེས་པའི་བམ་པོ་གཉིས་པའི་ཀྲུང་དབྱིན་གྱི་དཔར་མ་དཔར་སྐྲུན་བྱས་མ་ཐག་ཨེ་ཀ་ཏོར་གྱི་ལོ་ཉིས་བརྒྱའི་རིག་གནས་ལྟེ་གནས་སུ་གཉེར་བཞིན་པའི་སྐབས་བཅུ་པའི་ཅི་ཏོར་རྒྱལ་སྤྱིའི་དཔེ་དེབ་འགྲེམས་ཚོགས་སུ་སྟོན་ཡོད་པ་དང་། ལས་རིགས་ཁག་དང་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་ཡོད།

ཨེ་ཀ་ཏོར་རིག་གནས་དང་ཤུལ་གཞག་པུའི་རྒྱལ་སྤྱིའི་མཉམ་ལས་སིའི་སི་ཀྲང་ཕ་སི་མི་ཉི་ཨའོ་ཡིས་ཉིན་ཤས་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་ནི་མི་རྣམས་གུས་ཤིང་བརྩེ་བའི་ཀྲུང་གོའི་དབུ་ཁྲིད་མི་སྣ་ཞིག་ཡིན་པ་དང་། ཨེ་ཀ་ཏོར་ལས་རིགས་ཁག་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ ཚོགས་རྗེས་ཀྲུང་གོའི་གོང་འཕེལ་གྱི་ལམ་བུར་དོ་འཁུར་ཆེན་པོ་གནང་བཞིན་ཡོད་ཅེས་དང་༼ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་༽ཅེས་པའི་སི་ཕན་དཔར་མའི་དེབ་དེ་བལྟས་ཚར་རྗེས་བློ་སྒོ་ཆེན་པོ་བསྐྱེད་བྱུང་། གང་མགྱོགས་བམ་པོ་གཉིས་པའི་སི་ཕན་དཔར་མ་དཔེ་སྐྲུན་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།