མཛེས་སྡུག་ལྡན་པའི་འཚོ་བའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་ཁང་གིས་སྤྱི་ཚེས་༡༤ཉིན་དཔྱད་གཏམ་པའི་རྩོམ་ཡིག་མཛེས་སྡུག་ལྡན་པའི་འཚོ་བའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཅེས་པ་སྤེལ་བ་རེད།

རྩོམ་ཡིག་ནང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་དབུ་ཁྲིད་མི་སྣའི་དབུ་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་གཏམ་བཤད་ཁྲོད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ལ་ཀྲུང་གོས་མི་དམངས་ཀྱིས་ལྟེ་བ་བྱས་པ་དང་། མཛེས་སྡུག་ལྡན་པའི་འཚོ་བའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ་ཁྱབ་བསྒྲགས་གནང་བ་དེས། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་ཆོད་སེམས་དང་ལས་འགན་མངོན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཀྲུང་གོའི་རིག་སྟོབས་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བསྟན་པ་དང་།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ལྟེ་བ་བྱས་པའི་གོང་འཕེལ་གྱི་བསམ་ཕྱོགས་ལ་གསལ་འགྲེལ་གང་ལེགས་གནང་ཡོད་པ་དང་། མུ་མཐུད་དེ་དཔལ་འབྱོར་གོང་འཕེལ་གྱི་ཁོག་ཡང་རང་བཞིན་ལ་ཤུགས་སྣོན་རྒྱག་རྒྱུ་དང་མང་ཚོགས་ཀྱིས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུའི་ཀྲུང་གོའི་འདོད་ཚུལ་སྟོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེངས་འཇོག་གང་ལེགས་འཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།