ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བཟོ་ཚོང་དབུ་ཚོགས་ལ་ཞུགས་སྐབས་ཀྱི་བརྗོད་དོན་གཙོ་བའི་གཏམ་བཤད་ཀྱི་དཔྱད་གླེང་ཐེངས་གསུམ་པ།
སྤེལ་བའི་དུས་ཚོད། : 2017-11-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་བང་རིམ་དེ་ལས་མཐོ་བ་གོང་འཕེལ་གཏོང་བའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ་སྟེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བཟོ་ཚོང་དབུ་ཚོགས་ལ་ཞུགས་སྐབས་ཀྱི་བརྗོད་དོན་གཙོ་བའི་གཏམ་བཤད་ལ་དཔྱད་གླེང་ཐེངས་གསུམ་པ་བྱེད་པ་ཞེས་པའི་རྩོམ་ཡིག་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། སྒོ་དབྱེས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་ཡོང་བའི་གཞི་རྩའི་ཉམས་མྱོང་ཡིན་ལ། རང་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པའི་མཆོག་ནོར་གལ་ཆེན་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱུང་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།