ཝང་ཡང་གིས་ཞིང་པ་གསར་པ་དང་། ལག་རྩལ་གསར་པ། ལས་གཏོད་གསར་སྐྲུན་བཅས་ཀྱི་ཚོགས་ཆེན་སྐབས་དང་པོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2017-11-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཞིང་པ་གསར་པ་དང་། ལག་རྩལ་གསར་པ། ལས་གཏོད་གསར་གཏོད་བཅས་ཀྱི་ཚོགས་ཆེན་སྐབས་དང་པོ་སྤྱི་ཚེས་༡༠ཉིན་ཅང་སུའུ་ཞིང་ཆེན་སུའུ་ཀྲའུ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། ཞིང་པ་གསར་པ་གསོ་སྐྱོང་དང་། ལག་རྩལ་གསར་པ་ཁྱབ་གདལ། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ནི་གྲོང་གསེབ་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་བཟོ་བ། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་ཤུགས་ཆེན་པོས་ཆགས་ཐབས་བྱེད་པ། ཤེས་ལྡན་མི་སྣ་དེ་བས་མང་བ་ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཡིད་འགུག་བྱེད་པ་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་རྒྱུན་མ་ཆད་པར་སྣོན་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡི་ག་སྒྱུར། བསྟན་འཛིན་འཇམ་དཔལ།