སློབ་སྦྱོང་དང་གོ་བ་ལེན་རྒྱུ་ཟབ་ཏུ་བཏང་ནས། ཕུགས་འདུན་ཀྱི་ཡིད་ཆེས་བརྟན་པོ་འཛུགས་དགོས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་གནས་ཁག་ཏུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2017-11-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ཧྥུའུ་ཅན་དང་། ཧའེ་ནན། བོད་ལྗོངས། མཚོ་སྔོན་བཅས་སུ་ཕེབས་ནས། དངོས་ཡོད་དང་འཚམ་པ་དང་། གོ་བདེ་བའི་སྒྲོག་འགྲེལ་གནང་བར། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་བཞིན་ཡོད་པ་རེད།

སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཤའོ་ཡ་ཆིང་གིས་ཧྥུའུ་ཅན་དུ། ཕྱོགས་བརྒྱད་ཀྱི་ཐད་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གསལ་འགྲེལ་ཞུས་ཡོད། ཧའེ་ནན་དུ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཚན་རྩལ་པུའི་ཏང་ཙུའི་ཧྲུའུ་ཅི། པུའུ་ཀྲང་གཞོན་པ་ཝང་ཀྲེ་ཀང་གིས། རྒྱང་ཚོར་གྱི་ཚོགས་འདུའི་མ་ལག་བརྒྱུད་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་ཡོད། བོད་ལྗོངས་ལྷ་སར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྱུར་བཅོས་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མུའུ་ཧུང་གིས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྐོར་གསལ་འགྲེལ་ཞིབ་ཅིང་ཕྲ་བ་གནང་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་བསྟན་འཛིན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་མང་ཚོགས་ལ་དྲིལ་བསྒྲགས་བྱ་རྒྱུ་དེ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གང་ནས་བྱུང་བ་དང་། ཇི་ལྟར་བྱུང་བ་ཁོང་ཚོར་གསལ་པོ་ཞུས་ཏེ། ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་མཐའ་མཚམས་མང་ཚོགས་རྣམས་ཐུགས་སུ་བཞག་གནང་ནས། ང་ཚོའི་ཆེད་དུ་བདེ་སྐྱིད་དོན་གཉེར་གནང་བཞིན་ཡོད་པ་ཁོང་ཚོས་རྟོགས་སུ་འཇུག་རྒྱུ་དེ་རེད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡི་ག་སྒྱུར། བསྟན་འཛིན་འཇམ་དཔལ།