ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2017-11-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མཇུག་སྒྲིལ་ནས་ཆེད་གཏོང་གནམ་གྲུར་ཞུགས་ཏེ་པེ་ཅིང་ནས་ཞལ་གྱེས་པ་རེད།

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར། ཐེ་རོན་ཕུས་སྤྱི་ཚེས་༨ཉིན་ནས་༡༠ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་གནང་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེ་རིགས་ཐད་ལ་ལྷག་བསམ་རྣམ་དག་ངང་དགོངས་འཆར་གཏིང་ཟབ་བརྗེ་རེས་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་ལ་ཕྱོགས་མང་པོའི་ཐད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད་པ་དང་། ཐུག་འཕྲད་གནང་བར་གྲུབ་འབྲས་གལ་ཆེ་ཞིང་ཕུན་སུམ་ཚོགས་པོ་འཐོབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།